Skip to main content Skip to search
ho lan gyi ri mo grub mtha'
ID:
T247001
  • ཧོ་ལན་གྱི་རི་མོ་གྲུབ་མཐའ (Tibetan, Tibetan script, Original)
    • > ho lan gyi ri mo grub mtha' (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ho len gyi rimo drubta (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཞེས་པ་ནི་ཡོ་རོབ་ཀྱི་རི་མོའི་གྲུབ་མཐའ་གལ་ཆེ་བའི་གྲས་ཤིག་ཡིན། དེ་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་དུ་ཧོ་ལན་དུ་ཐོན་ཞིང་། གྲུབ་མཐའ་དེའི་རི་མོའི་བརྗོད་བྱ་གཙོ་བོ་ནི་ཁྱིམ་པའི་འཚོ་བ་དང་། རང་བྱུང་ཁམས་ཀྱི་ཡུལ་ལྗོངས། འགུལ་མེད་དངོས་པོ། མཚོ་འགྲུལ་གྱི་བྱེད་སྒོ་སོགས་ཡིན། ལྷག་པར་དུ་མི་སྣའི་སྣང་བརྙན་ཡིན། ལྷག་པར་དུ་མི་སྣའི་སྣང་བརྙན་གྱི་གྲས་སུ་དབུལ་པོ་དང་། ཞིང་པ་འཁྱམས་པོ་སོགས་བརྗོད་བྱ་བྱས་ཏེ། སྐབས་དེའི་སྤྱི་ཚོགས་ཀྱི་འགལ་བ་ཐེར་འདོན་བྱེད་ཀྱི་ཡོད། གྲུབ་མཐའ་དེའི་རི་མོ་མཁན་གཙོ་བོའི་གྲས་ནི་ལུན་པོ་ལང་དང་ལུའུ་དབྱི་སི་ཏའེ་འར་སོགས་ཡིན།

language:
Tibetan