- ho lo zi sog po dgon
- ID:
- T247002
- ཧོ་ལོ་ཟི་སོག་པོ་དགོན (Tibetan, Tibetan script, Original)
- > ho lo zi sog po dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > ho lo zi sokpo gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དགོན་པ་འདི་རབ་བྱུང་བཅུ་བཞི་པའི་སྟོད་ཙམ་ནས་བྱུང་དགོན་དེར་ཏིང་ཀྱཱ་ཀུན་བཟང་སྙན་གྲགས་དང་། ཨ་རིག་དགེ་བཤེས་ཆེན་མོ་སོགས་ཡུན་རིང་བཞུགས་རིང་འཆད་ཉན་གྱི་རྒྱུན་སྤེལ། རབ་བྱུང་བཅུ་བཞི་པའི་མཇུག་ཙམ་སླེབས་སྐབས་གྲུབ་མཐའ་རྙིང་མར་གྱུར་པས་གྲྭ་པ་ཁག་གཅིག་ཡིད་མ་རངས་པར་ཡུལ་གཞན་དུ་སྤོས། དེ་ནས་བཟུང་རྫོགས་ཆེན་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་སློབ་མ་ཀུན་བཟང་པདྨ་འོད་དམ་ཡོངས་གྲགས་ཁམས་སྟག་ཤམ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་རྣམས་དགོན་འདིའི་བདག་པོར་གྱུར། གྲུབ་མཐའ་རྙིང་མ་ཤས་ཆེ། དེང་གི་ཡིག་ཆ་ཁག་ཏུ་རྙིང་མ་དང་དགེ་ལུགས་འདྲེས་མ་ཡིན་ཞེས་གསལ། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆབ་རྫོང་ཁོངས་སུ་ཡོད།
- language:
- Tibetan