- h+phan then hra'u
- ID:
- T247039
- ཧྥན་ཐེན་ཧྲའུ (Tibetan, Tibetan script, Original)
- > h+phan then hra'u (Tibetan, Latin script, Transliteration-THL Extended Wylie Transliteration)
- > hpen(?) ten hra'u (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དེང་རབས་ཀྱི་གྲགས་ཅན་རི་མོ་མཁས་ཅན་དང་མཛེས་རྩལ་སློབ་གསོ་མཁས་ཅན་ཞིག་ཡིན། ཁོང་གིས་དུས་རྟག་ཏུ་སྒྱུ་རྩལ་གསར་རྩོམ་དང་ཐོག་འབད་པ་ལྷུར་བླངས་ཀྱིས་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བྱ་གཞག དེ་བཞིན་མཛེས་རྩལ་གྱི་ལས་ཀ་བྱེད་མཁན་གྱི་མི་སྣ་གསོ་སྐྱོང་གནང་བའི་བྱ་གཞག་ཐོག་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་འབུལ་གནང་མཛད་ཡོད། བཅིངས་འགྲོལ་ཐོབ་པའི་རྗེས་སུ་ཁོང་གིས་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན་དང་། ཀྲེ་ཅང་མཛེས་རྩལ་སློབ་གླིང་གི་ཡོན་ཀྲང་དང་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་ཡོད། ཁོང་གིས་གཙོ་བོ་དོན་བྲིས་རི་མོའི་ཐོག་ནས་བྱ་དང་མེ་ཏོག་གི་རི་མོ་དང་རི་ཆུ་རི་མོ་འབྲི་གནང་མཛད་ཀྱི་ཡོད་ལ། སྐབས་རེ་མི་སྣའི་རི་མོ་ཡང་འབྲི་གནང་མཛད་ཀྱི་ཡོད། དེ་བཞིན་ཡིག་གཟུགས་འབྲི་རྩལ་དང་། སྙན་ངག་ཐེལ་ཙེ་བརྐོ་རྩལ་བཅས་ཀྱི་ཐོག་ལའང་ཚད་མཐོའི་འཇོན་ཐང་ལྡན་ཡོད། མདོར་ན་ཁོང་གི་རི་མོ་ནི་བཅད་རྒྱ་སྟངས་བློ་གཤོགས་ཆེ་བ། ཞིབ་བྲིས་སྐབས་ཞིབ་ཚགས་པ། རི་མོའི་གྲུབ་ཆ་ངོ་མཚར་ཆེ་བ་སོགས་དམིགས་བསལ་གྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད། ཕྱོགས་མཚུངས་ཁོང་གིས་རིགས་པའི་གཞུང་ལུགས་དང་ལོ་རྒྱུས་སོགས་ལའང་མཐོང་ཆེན་མཛད་དེཀྲུང་གོའི་རི་མོའི་ལོ་རྒྱུས》ཞེས་པའི་གསུང་རྩོམ་ཡང་མཛད་ཡོད་པའོ།
- language:
- Tibetan