Skip to main content Skip to search
h+phu hri hu'e mdzes ma'i ri mo
ID:
T247042
  • ཧྥུ་ཧྲི་ཧུའེ་མཛེས་མའི་རི་མོ (Tibetan, Tibetan script, Original)
    • > h+phu hri hu'e mdzes ma'i ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > hpu(?) hri hu'é dzé mé rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཞེས་པ་ནི་ཉི་ཧོང་གི་རི་མོའི་རྩོམ་སྲོལ་ཞིག་ཡིན། དེ་ནི་ཧྥུ་ཧྲི་ཧུའེ་རྗེས་མ་ལས་ཐོན་པ་ཞིག་ཡིན། ལུགས་དེས་གཙོ་བོ་སྤྱི་ལོའི་དུས་རབས་བཅུ་བདུན་པ་ནས་བཅུ་དགུ་པའི་བར་གྱི་ཅང་ཧུའུ་དུས་རབས་སྐབས་ཀྱི་གྲོང་མིའི་འཚོ་བ་དང་རྣམ་པ་བརྗོད་བྱ་བྱས་ཏེ་འབྲི་ཡི་ཡོད། དེའི་བྲི་བྱ་གཙོ་བོ་ནི་འཁྲབ་སྟོན་པ་དང་། མཛེས་མ། སྨད་འཚོང་མ། ཞལ་ཏ་མ། གྲོང་མིའི་བུ་མོ་སོགས་ཡིན། རི་མོ་དེ་ཚོའི་ཐོག་ནས་ཅང་ཧུའུ་དུས་རབས་འཕེལ་རྒྱས་སྐབས་ཀྱི་གྲོང་མིའི་རིམ་གྲས་ཀྱི་འཚོ་བའི་རོལ་སྟངས་ཀྱི་ལྟ་བ་མཚོན་ཡོད། མཛེས་མའི་རི་མོའི་ནང་གི་མི་སྣ་རེ་ཟུང་ལ་སྐྱེ་བོས་སྤེལ་ཟླ་བྱེད་པ་ལས། མང་ཆེ་བ་བུད་མེད་ན་གཞོན་མ་གཙོ་བོ་བྱས་ནས་བྲིས་ཡོད། བུད་མེད་དེ་ཚོ་མ་གཞི་ལྷ་མོ་ལྟར་ལྷབ་ལྷུབ་གཡོ་བཞིན་པའི་རྣམ་པ་བྲིས་ཡོད་ཀྱང་མིའི་ངོ་གདོང་གི་རྣམ་འགྱུར་གཅིག་མཚུངས་ལྟ་བུ་ལས་གཤིས་ཀ་མངོན་གསལ་དོད་པོ་མཚོན་མེད། ཡིན་ནའང་རི་མོ་མཁས་པ་ཚོས་ཁོར་ཡུག་གི་རྣམ་པ་དང་། མི་སྣའི་གཟུགས་བྱད་ཀྱི་འགྱིངས་སྟབས་ལ་བརྟེན་ནས་མིའི་གཤིས་ཀ་མཚོན་པ་བྱེད་ཀྱི་ཡོད་པ་དེ་ནི་མཛེས་མ་འབྲི་བའི་ལག་རྩལ་གྱི་ཁྱད་ཆོས་ཡིན་ལ་ཧྥུ་ཧྲི་ཧུའེ་སྒྱུ་རྩལ་གྱི་དམིགས་བསལ་ཁྱད་ཆོས་ཀྱང་ཡིན།

language:
Tibetan