- h+phu'u pa'o hri
- ID:
- T247044
- ཧྥུའུ་པའོ་ཧྲི (Tibetan, Tibetan script, Original)
- > h+phu'u pa'o hri (Tibetan, Latin script, Transliteration-THL Extended Wylie Transliteration)
- > hpu'u(?)pa o hri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཞེས་པ་ནི་དེང་རབས་ཀྱི་གྲགས་ཅན་རི་མོ་མཁས་ཅན་ཞིག་ཡིན། ཁོང་ནི་ཡིག་གཟུགས་འབྲི་རྩལ་དང་རི་མོ་གཉིས་ཀར་ཤིན་ཏུ་མཁས། ཁོང་གིས་ནན་ཅིང་ཀྲུང་དབྱང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་ཀྲུང་གོ་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན། ཅང་སུའུ་ཞིང་ཆེན་གྱི་རྒྱལ་སྲོལ་རི་མོའི་སློབ་གླིང་གི་ཡོན་ཀྲང་སོགས་ཀྱི་ཐུགས་འགན་བཞེས། ཁོང་གི་མི་སྣའི་རི་མོར་བསམ་པ་མཚོན་པ་བྱ་རྒྱུ་གཙོ་བོར་བཟུང་སྟབས་གསོན་ཉམས་ཆེན་པོ་ལྡན། ལྷག་པར་དུ་རི་ཆུ་རི་མོར་གནའ་བོའི་སྲོལ་རྒྱུན་གྱི་འབྲི་ཐབས་རྨང་གཞིའི་ཐོག་རང་ཉིད་ཀྱི་བློ་གྲོས་ལས་ཐོན་པའི་ཐབས་ཤེས་གསར་པ་སྤྱད་དེ་རང་ཉིད་ཀྱི་རྣམ་པ་གསར་པའི་ཁྱད་ཡོན་འདོན་སྤེལ་བྱས་ཡོད། དེ་བཞིན་ཁོང་གིས་རྩོམ་གནང་མཛད་པའིཀྲུང་གོའི་རི་མོ》ཞེས་པ་དང་ཀྲུང་གོའི་རི་མོའི་ལོ་རྒྱུས་》ཞེས་པ་སོགས་གསུང་རྩོམ་མང་པོ་ཡོད།
- language:
- Tibetan