Skip to main content Skip to search
h+phu'u hri hu'e yul ljongs ri mo
ID:
T247046
  • ཧྥུའུ་ཧྲི་ཧུའེ་ཡུལ་ལྗོངས་རི་མོ (Tibetan, Tibetan script, Original)
    • > h+phu'u hri hu'e yul ljongs ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > hpu'u(?) hri hu'é yul jong rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཞེས་པ་ནི་ཉི་ཧོང་གི་རི་མོའི་རྩོམ་སྲོལ་ཞིག་ཡིན་པ་དང་རི་མོ་དེའི་འབྲི་སྲོལ་ཡུལ་ལྗོངས་གཙོ་བོའི་ཐོག་མི་སྣས་ཡུལ་ལྗོངས་གཙོ་བོའི་ཐོག་མི་སྣས་སྤེལ་ཟླ་བྱས་ཡོད། ཧྥུའུ་ཧྲི་ཧུའེ་ཡུལ་ལྗོངས་རི་མོའི་བརྗོད་བྱ་རྒྱ་ཆེན་པོ་ཡོད་པ་སྟེ། བསིལ་ཁང་དང་། ཐོག་བརྩེགས་ཅན་གྱི་ཁང་པ། ཀུན་དགའ་ར་བ། དགོན་པ། ཁྲོམ་ལམ། དེ་བཞིན་རྨྱུག་མ་དང་ལྗོན་ཤིང་སྣ་ཚོགས། བྲག་རྡོ། བྱ་དང་མེ་ཏོག་སོགས་དང་། ད་དུང་སོ་ནམ་བྱེད་མཁན་གྱི་རྣམ་པ་དང་གནམ་གཤིས་ཐིབས་དྭངས་ཀྱི་འགྱུར་བ། ནམ་དུས་མི་འདྲ་བ་བཞིའི་རྣམ་པ་བཅས་བྲིས་ཡོད་པ་ཡིན། མི་སྣའི་རིགས་ཀྱང་སྣ་ཚོགས་འབྲི་སྲོལ་ཡོད་པ་སྟེ། གྲོང་མི་དང་ཞིང་པ། མེ་ཤིང་འཚོང་མཁན། དགེ་འདུན་པ། དམག་མི་སོགས་བྲིས་ཡོད། དུས་ཡུན་རིང་པོའི་ནང་འཕེལ་རྒྱས་ཕྱིན་པ་བརྒྱུད། ཧྥུའུ་ཧྲི་ཧུའེ་ཡུལ་ལྗོངས་རི་མོ་ཕྱི་མའི་ནང་མི་སྣ་འབྲི་རྒྱུ་རིམ་བཞིན་མང་དུ་བཏང་ནས་ཡུལ་ལྗོངས་ལ་སྤེལ་ཟླ་བྱ་རྒྱུ་ཙམ་མིན་པར་ཚད་གཞི་ངེས་ཅན་གྱི་ཐོག་ནས་རང་ཚུགས་ཅན་དུ་གྱུར་ཡོད།

language:
Tibetan