- hwang cha'o
- ID:
- T247055
- ཧྭང་ཆའོ (Tibetan, Tibetan script, Original)
- > hwang cha'o (Tibetan, Latin script, Transliteration-THL Extended Wylie Transliteration)
- > hang cha o (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་ཡི་ཧོང་ཆའོ་ཟེར་བ་ཡི་གེ་ནོར་བ་སྟེ་སྔར་ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་རྨ་ཆུ་དཀྱིལ་སྨད་ས་ཁུལ་གྱི་ཞིང་པའི་གྱེན་ལངས་ལ་འགོ་ཁྲིད་བྱེད་མཁན་ཧོར་ཁྲའོ་ཟེར་བའི་མིང་དེ་རྒྱ་ཡིག་ནས་བོད་སྐད་དུ་སྒྱུར་སྐབས་སྒྲ་གདངས་འགྱུར་བའི་སྐད་ལ་ཧྭང་ཆའོ་ཞེས་ཟེར་བ་དཔེར་ན། ཁྲུའུ་རྒྱལ་ཁབ་ལ་ཆུའུ། ཁྲེན་རྒྱལ་ཁབ་ལ་ཆེན་ཞེས་སྔར་གྱི་བོད་ཡིག་ལོ་རྒྱུས་ནང་མང་དུ་འཁོད་པ་ལྟར་ཡིན། ཧོང་ཁྲའོ་འམ་ཧྭང་ཆའོ་ནི་ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཞིང་པའི་གྱེན་ལངས་ལ་འགོ་ཁྲིད་བྱེད་མཁན་གཙོ་བོ་ཞིག་ཡིན་པ་དང་། དེས་ཐང་རྒྱལ་རབས་ཀྱི་གོང་མ་དབྱེ་ཙུང་གི་ཞན་ཞན་ཐུང་ཁྲི་ལོ་བཅོ་ལྔ་པ་ཤིང་རྟ (༨༧༤) ལོར་རྨ་ཆུ་དཀྱིལ་སྨད་ཀྱི་ཞིང་པའི་གྱེན་ལངས་ལ་འགོ་ཁྲིད་བྱས་ནས་རིམ་བཞིན་ལྷོ་བྱང་ས་ཁུལ་ཡོངས་ལ་གཞི་རྒྱ་ཆེ་བའི་གྱེན་ལངས་བྱས། ལྕགས་གླང (༨༨༡) ལོར་རྒྱལ་ས་ཁྲང་ཨན་ཡང་ཕྲོགས་ནས་ཞིང་པའི་གསར་བརྗེའི་སྲིད་དབང་བཙུགས་ཏེ་རང་ཉིད་རྒྱལ་པོ་བྱས་ཤིང་ལོ་བཞི་ཙམ་རིང་སྲིད་དབང་བཟུང་མྱོང་བ་དེ་ལ་ཟེར།ꪤꪤ
- language:
- Tibetan