- hra lung
- ID:
- T247060
- ཧྲ་ལུང (Tibetan, Tibetan script, Original)
- > hra lung (Tibetan, Latin script, Transliteration-THL Extended Wylie Transliteration)
- > hra lung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཞེས་པ་ནི་ཧྥ་རན་སིའི་སྐད་ཡིག་གི་སྒྲ་གཡར་བ་ཞིག་ཡིན། དེའི་གོ་དོན་ནི་མགྲོན་པོ་འཛོམ་ཁང་གི་དོན་ཡིན། སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མཇུག་དང་དུས་རབས་བཅོ་བརྒྱད་ནང་ཧྥ་རན་སིའི་རྒྱལ་ནང་དུ་ཤེས་ལྡན་མི་སྣ་དང་། སྒྱུ་རྩལ་མཁས་པའི་ཕྱོགས་ཁག་ཅིག་ཡོད་པ་དེས་རྒྱུན་དུ་སྐུ་དྲག་གི་བུ་མེད་ཚོའི་གདན་ཞུ་ལྟར་མགྲོན་ཐུག་ཁང་གི་ནང་དུ་མཉམ་འཛོམས་ཀྱིས་རྩོམ་རིག་སྒྱུ་རྩལ་དང་། སྐབས་དོན་སྐོར་ལ་གླེང་མོལ་བྱེད་ཀྱི་ཡོད་པ་དེ་མཐར་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཏུ་གྱུར་པ་རེད། དེར་བརྟེན་ཤེས་ལྡན་མི་སྣ་མཉམ་འཛོམ་བྱ་ཡུལ་ལ་ཧྲ་ལུང་ཞེས་པའི་མིང་ཆགས་པ་ཡིན། རྗེས་སུ་པཱ་རིར་ལོ་ལྟར་རི་མོ་དང་འབུར་བརྙན་འགྲེམས་སྟོན་གཉེར་བ་དེ་ལ་ཧྲ་ལུང་ཞེས་ཟེར།
- language:
- Tibetan