- hri tha'o
- ID:
- T247077
- ཧྲི་ཐའོ (Tibetan, Tibetan script, Original)
- > hri tha'o (Tibetan, Latin script, Transliteration-THL Extended Wylie Transliteration)
- > hri ta o (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཞེས་པ་ནི་ཆིང་རྒྱལ་རབས་སྐབས་ཀྱི་ཕུལ་དུ་བྱུང་བའི་རི་མོ་མཁས་ཅན་ཡིག་ཡིན། ཁོང་ནི་རི་ཆུ་རི་མོ་དང་མི་སྣའི་རི་མོ། བྱ་དང་མེ་ཏོག་རི་མོ། ལྗོན་ཤིང་སོགས་འབྲི་བར་ཤིན་ཏུ་མཁས། ཁོང་གིས་གནའ་བོའི་ཁྱད་ཡོན་རྣམས་ཉམས་ལེན་ཐོག་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གསར་བསྣན་བྱས་ཏེ། གྲུབ་ཆ་ངོ་མཚར་ཆེ་བ། བཅད་དང་སྣག་སྤྱོད་རྫུ་འཕྲུལ་ལྟ་བུ། ད་དུང་རི་མོའི་ཐོག་ཏུ་བྲིས་པའི་སྙན་ངག་རྣམས་ཀུན་རྫོབ་ཀྱི་རང་བཞིན་ལྡན་པ་བཅས་ཀྱི་ཐོག་ནས། ཁོང་རང་ཉིད་ཀྱི་དཔའ་ཉམས་མངོན་པ་བྱེད་ཀྱི་ཡོད། ཕྱོགས་མཚུངས་ཁོང་ནི་མིང་རྒྱལ་རབས་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་འགོའི་སྐབས་ཀྱི་རི་མོའི་ལས་རིགས་ཐོག་གསར་བཅོས་ཤོག་ཁག་གི་ཚབ་བྱེད་མི་སྣ་ཞིག་སྟེ། ཁོང་གིས་རི་མོ་འབྲི་མཁན་ཞིག་ཡིན་ན་ངེས་པར་དུ་ཕྱི་རོལ་ཡུལ་གྱི་རང་བྱུང་ཁམས་ཆེན་པོའི་ནང་དུ་བསྐྱོད་དེ་འཚོ་བ་དངོས་ལ་རྟོག་ཞིབ་ཀྱིས་བྲི་བྱའི་ནང་དོན་སྙིང་བསྡུས་བྱས་ནས་ཟིན་བྲིས་བྱེད་དགོས་ཞེས་དངོས་བྲིས་བྱེད་རྒྱུ་ནན་བཤད་མཛད་ཡོད།
- language:
- Tibetan