- hre hre ho
- ID:
- T247091
- ཧྲེ་ཧྲེ་ཧོ (Tibetan, Tibetan script, Original)
- > hre hre ho (Tibetan, Latin script, Transliteration-THL Extended Wylie Transliteration)
- > hré hré ho (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཉན་ནད་ནག་པོ་སུམ་བསྒྲིལ་གྱི་མིང་གི་རྣམ་གྲངས་ཤིག་སྟེ། འབྲི་གུང་འཚོ་བྱེད་ཀརྨས་མཛད་པའི་འཆི་མེད་རིལ་བུའི་སྦྱོར་བ་ལས། ལྟག་དགྱེ་ཅོག་འགྱེལ་ཞེས་བྱ་དང་། རྒྱུག་འགྱེལ་ནག་པོ་སུམ་བསྒྲིལ་དང་། མཁྲིས་རིམས་དུག་ཐབས་ཞེས་བྱ་དང་། ཧྲེ་ཧྲེ་ཧོ་ཞེས་བྱ་བའི་ནད། ཆུ་སེར་ནག་པོ་གཉན་གྱི་རྒྱུ། སྲེག་པར་བྱེད་པ་མེ་ཡི་དབལ། སྐྱོད་པར་བྱེད་པ་རླུང་གྱིས་བྱེད། འཇུག་པའི་སྒོ་དང་འབྲོས་པའི་རྫོངས། རྒྱུག་པའི་གསང་དང་དབྱེ་བའི་ས། བརྟེན་པའི་གནས་དང་བཅོས་པའི་ཐབས། རྒྱས་པར་བླ་མའི་ཞལ་དུ་ཞུས། ཞེས་གསུངས་པ་ལྟར་རོ།
- language:
- Tibetan