- lha khang chen mo
- ID:
- T247108
- ལྷ་ཁང་ཆེན་མོ (Tibetan, Tibetan script, Original)
- > lha khang chen mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > lhakhang chenmo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་ས་སྐྱའི་ལྷ་ཁང་ཆེན་མོ་ནི་དེང་སང་རྒྱལ་ཁབ་ཀྱི་ཐད་ཀའི་དོ་དམ་སྲུང་སྐྱོབ་ཁོངས་ཀྱི་གནའ་ཤུལ་གལ་ཆེན་གྲས་ཤིག་ཡིན།ལྷ་ཁང་འདི་བཞིན་རབ་བྱུང་བཞི་པའི་ཤིང་གླང་(༡༢༦༤)ལོར་འགྲོ་མགོན་འཕགས་པ་ཡོན་རྒྱལ་རབས་ཀྱི་རྒྱལ་ས་ནས་བོད་དུ་ཐེངས་དང་པོ་ཕེབས་སྐབས་བཀའ་བཀོད་གནང་བ་ལྟར་། ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཁྲི་སྐོར་བཅུ་གསུམ་གྱི་འུ་ལག་བསྡུས་ནས་ཐོག་མར་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། འོག་ཐོག་གི་ཐོག་འབུབས་ཟིན་ཙམ་གྱི་བར་ལོ་ངོ་དྲུག་ཙམ་འགོར། དེ་ཁའི་མུ་ལ་དཔོན་ཆེན་ཤཱཀྱ་བཟང་པོ་འདས་ནས་དེའི་ཚབ་ཏུ་དཔོན་ཆེན་ཀུན་དགའ་བཟང་པོ་བསྐོས་ཏེ། དེས་ལོ་ངོ་དྲུག་དཔོན་ཆེན་བྱས་པའི་རིང་ལ་ལྷ་ཁང་འདིའི་སྟེང་ཐོག་ཁང་དང་། ཐིག་ཁང་། རྒྱ་ཕིབས་བཅས་དང་། ལྷ་ཁང་གི་ཁྱམས་ཁྱི་ལྡེབས་བྲིས་བཅས་བཞེངས། དེ་རྗེས་ས་སྐྱའི་དཔོན་ཆེན་མི་རབས་དགུ་པ་ཨང་ལིན་གྱིས་ལྷ་ཁང་ཆེན་མོའི་སྤེན་བད་དང་ཕྱིའི་ལྕགས་རི་བརྩིགས། དེ་རྗེས་ཤར་པ་འཇམ་དབྱངས་རིན་ཆེན་རྒྱན་མཚན་གྱིས་ས་སྐྱའི་གདན་ས་ལོ་ངོ་སུམ་ཅུ་ཙམ་གནང་རིང་ལྷ་ཁང་ཁག་ལ་ཉམས་གསོ་གནང་ཞིང་། གདན་ས་གནང་བའི་ཐ་མའི་ལོ་རབ་བྱུང་ལྔ་པའི་ཤིང་སྦྲུལ་(༡༣༠༤)ལོའི་ཟླ་བ་ལྔ་པ་ནས་འགོ་ཚུགས་ཏེ་ཟླ་བ་གསུམ་གྱི་རིང་ལྷ་ཁང་ཆེན་མོའི་ཡང་ཐོག་གི་རྒྱ་མཐོངས་ཀ་བརྒྱད་དང་། བར་ཁྱམས་བཅས་ཀྱི་ཁོར་ཡུག་ཏུ་གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་རྣལ་འབྱོར་རྒྱུད་མན་ཆད་ཀྱི་དཀྱིལ་འཁོར་ཆེན་པོ་བརྒྱ་དང་བཞི་བཅུ་ཞེ་བརྒྱད།རིགས་བསྡུས་ཀྱི་དཀྱིལ་འཁོར་དྲུག་བརྒྱ་དང་སུམ་ཅུ་སོ་དགུ་བཅས་ཁྱོན་བསྡོམས་དཀྱིལ་འཁོར་བདུན་བརྒྱ་བརྒྱད་ཅུ་གྱ་བདུན་སོ་སོའི་བརྒྱུད་རིས་དང་བཅས་པ་འབྲི་བར་མཛད་པ་ད་ལྟའང་ཉམས་མེད་དུ་བཞུགས་བཞིན་པ་འདི་དང་། ལྷ་ཁང་འདིའི་ནང་གི་རྟེནགསུམ་རྣམས་ཀྱང་འགྲོ་མགོན་འཕགས་པ་ནས་བཟུང་ས་སྐྱའི་གདུང་རབས་དང་།གདན་ས་པ་རིམ་བྱོན་རྣམས་ཀྱིས་བཞེངས་པའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་བཞེངས་པ་བཅས་ཞིབ་པར་ས་སྐྱ་བདག་ཆེན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》དུ་གསལ་བས་འདིར་མ་བྲིས།
- language:
- Tibetan
2. Thupten Phuntsok Dictionary
བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་ས་སྐྱའི་ལྷ་ཁང་ཆེན་མོ་ནི་དེང་སང་རྒྱལ་ཁབ་ཀྱིས་ཐད་ཀའི་དོ་དམ་སྲུང་སྐྱོབ་ཁོངས་ཀྱི་གནའ་ཤུལ་གལ་ཆེན་གྲས་ཤིག་ཡིན། ལྷ་ཁང་འདི་རབ་བྱུང་བཞི་པའི་ཤིང་གླང (༡༢༦༥) ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡོན་རྒྱལ་རབས་ཀྱི་རྒྱལ་ས་ནས་བོད་དུ་ཐེངས་དང་པོ་ཕེབས་སྐབས་བཀའ་བཀོད་གནང་བ་ལྟར། ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཁྲི་སྐོར་བཅུ་གསུམ་གྱི་འུ་ལག་བསྡུས་ནས་ཐོག་མར་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། འོག་ཐོག་གི་ཐོག་འབུབས་ཟིན་ཙམ་གྱི་བར་ལོ་ངོ་དྲུག་ཙམ་འགོར། དེ་ཁའི་མུ་ལ་དཔོན་ཆེན་ཤཱཀྱ་བཟང་པོ་འདས་ནས་དེའི་ཚབ་ཏུ་དཔོན་ཆེན་ཀུན་དགའ་བཟང་པོ་བསྐོས་ཏེ། དེས་ལོ་ངོ་དྲུག་དཔོན་ཆེན་བྱས་པའི་རིང་ལ་ལྷ་ཁང་འདིའི་སྟེང་ཐོག་ཁང་དང་། ཐིག་ཁང་། རྒྱ་ཕིབས་བཅས་དང་། ལྷ་ཁང་གི་ཁྱམས་ཀྱི་ལྡེབས་བྲིས་བཅས་བཞེངས། དེ་རྗེས་ས་སྐྱའི་དཔོན་ཆེན་མི་རབས་དགུ་པ་ཨང་ལེན་གྱིས་ལྷ་ཁང་ཆེན་མོའི་སྤེན་བད་དང་ཕྱིའི་ལྕགས་རི་བརྩིགས། དེ་རྗེས་ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་ས་སྐྱའི་གདན་ས་ལོ་ངོ་སུམ་ཅུ་ཙམ་གནང་རིང་ལྷ་ཁང་ཁག་ལ་ཉམས་གསོ་གནང་ཞིང་། གདན་ས་གནང་བའི་ཐ་མའི་ལོ་རབ་བྱུང་ལྔ་པའི་ཤིང་སྦྲུལ (༡༣༠༥) ལོའི་ཟླ་བ་ལྔ་པ་ནས་འགོ་ཚུགས་ཏེ་ཟླ་བ་གསུམ་གྱི་རིང་ལྷ་ཁང་ཆེན་མོའི་ཡང་ཐོག་གི་རྒྱ་མཐོངས་ཀ་བརྒྱད་དང་། བར་ཁྱམས་བཅས་ཀྱི་ཁོར་ཡུག་ཏུ་གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་རྣལ་འབྱོར་རྒྱུད་མན་ཆད་ཀྱི་དཀྱིལ་འཁོར་ཆེན་པོ་བརྒྱད་དང་བཞི་བཅུ་ཞེ་བརྒྱད། རིགས་བསྡུས་ཀྱི་དཀྱིལ་འཁོར་དྲུག་བརྒྱ་དང་སུམ་ཅུ་སོ་དགུ་བཅས་ཁྱོན་བསྡོམས་དཀྱིལ་འཁོར་བདུན་བརྒྱ་བརྒྱད་ཅུ་གྱ་བདུན་སོ་སོའི་བརྒྱུད་རིས་དང་བཅས་པ་འབྲི་བར་མཛད་པ་ད་ལྟའང་ཉམས་མེད་དུ་བཞུགས་བཞིན་པ་འདི་དང་། ལྷ་ཁང་འདིའི་ནང་གི་རྟེན་གསུམ་རྣམས་ཀྱང་འགྲོ་མགོན་འཕགས་པ་ནས་བཟུང་ས་སྐྱའི་གདུང་རབས་དང་གདན་ས་རིམ་བྱོན་རྣམས་ཀྱིས་བཞེངས་པའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་བཞེངས་པ་བཅས་ཞིབ་པར་ས་སྐྱ་བདག་ཆེན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའིས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》དུ་གསལ་བས་འདིར་མ་བྲིས།
- language:
- Tibetan