Skip to main content Skip to search
lha chen tshe dbang rnam rgyal
ID:
T247119
  • ལྷ་ཆེན་ཚེ་དབང་རྣམ་རྒྱལ (Tibetan, Tibetan script, Original)
    • > lha chen tshe dbang rnam rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lhachen tsewang namgyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྟོད་ཀྱི་མགོན་གསུམ་གྱི་ཡ་གྱལ་རིག་པ་མགོན་གྱི་རྒྱུད་པ། ཡབ་བཀྲ་ཤིས་རྣམ་རྒྱལ་ལ་སྲས་གསུམ་བྱུང་བའི་བགྲེས་པ། འདི་ཉིད་རྒྱལ་སྲིད་ལ་དབང་བསྐུར་རྗེས་སྐུ་ན་གཞོན་དུས་དམག་མཛད་པས་བྱང་ངམ་རིང། གློ་བོ་དང་། པུ་ཧྲེངས། གུ་གེ་ལ་སོགས་པ་མངའ་འོག་ཏུ་བསྡུས། ལྷོ་ཕྱོགས་འཛུམ་ལང་དང་། ཉུང་ཏི། ནུབ་ཤིང་དཀར་དང་། ཁབ་གར་ཚུན་ཆོད་མངའ་འོག་ཏུ་བསྡུས་ཤིང། ས་ཁུལ་དེ་ཚོའི་སྔར་གྱི་བདག་པོ་རྣམས་མི་གཏེར་ཉར་བ་དང་། བཀའ་གསུང་ཅི་སྒྲུབ་ཞུ་རྒྱུའི་ཡིག་དན་བྱས། མཁར་རྣམས་ལ་སྐུ་ཚབ་བཞག་ནས་མང་ཡུལ་ཐམས་ཅད་དར་ཞིང་རྒྱས་པར་མཛད། གུ་གེ་ནས་ཁྲལ་དང་དཔྱའ་ལོ་ལྟར་གསེར་ཞོ་སུམ་བརྒྱ། དངུལ། ལུག་ཚེར་མོ་བརྒྱ། ཆིབས་པ་གཅིག རུ་ཐོག་ནས་གསེར་ཞོ་ཉིས་བརྒྱ་དྲུག་ཅུ། ལུག་ཚེར་མོ་བརྒྱ། ཆིབས་པ་གཅིག བཙོད་རྐྱལ་པ་བཅུ། མཁར་ཨོ་ལྡོང་དང་། ཞིང་དར་ཆེན་དར་ཆུང་རྣམས་དང་། གཞན་ཡང་ཁྲལ་དང་དཔྱའ་ལ་སོགས་པ་ཕྱོགས་ཕྱོགས་ནས་འབུལ་མཁན་མང་པོ་བྱུང་ཡོད། ཁོང་གིས་ད་དུང་གཙུག་ལག་ཁང་རྒྱ་ཆེན་པོ་བཞེངས་པ་སོགས་མེས་རལ་པ་ཅན་ལྟ་བུའི་ཕྱག་རྗེས་ཤིག་འཇོག་པར་དགོངས་པའི་མུར་སྐུ་གཤེགས་ཤིང་། དེ་རྗེས་རྒྱལ་ཕྲན་ལྟ་བུའི་མངའ་རིས་རྣམས་ཀྱང་ཕྱོགས་ཕྱོགས་སུ་གྱེས་སོ། །

language:
Tibetan

2. Thupten Phuntsok Dictionary

སྟོད་ཀྱི་མགོན་གསུམ་གྱི་ཡ་གྱལ་རིག་པ་ མགོན་གྱི་རྒྱུད་པ། ཡབ་བཀྲ་ཤིས་རྣམ་རྒྱལ་ལ་སྲས་གསུམ་བྱུང་བའི་བགྲེས་པ། འདི་ཉིད་རྒྱལ་སྲིད་ལ་དབང་བསྐུར་རྗེས་སྐུ་ན་གཞོན་དུས་དམག་མཛད་པས་བྱང་ངམ་རིང་། གློ་བོ་དང་། པུ་ཧྲེངས། གུ་གེ་ལ་སོགས་པ་མངའ་འོག་ཏུ་བསྡུས། ལྷོ་ཕྱོགས་སུ་འཛུམ་ལང་དང་། ཉུང་ཏི། ནུབ་ཤིང་དཀར་དང་། ཁབ་གར་ཚུན་ཆོད་མངའ་འོག་ཏུ་བསྡུས་ཤིང་། ས་ཁུལ་དེ་ཚོའི་སྔར་གྱི་བདག་པོ་རྣམས་མི་གཏེར་ཉར་བ་དང་། བཀའ་གསུང་ཅི་སྒྲུབ་ཞུ་རྒྱུའི་ཡིག་དན་བྱས། མཁར་རྣམས་ལ་སྐུ་ཚབ་བཞག་ནས་མང་ཡུལ་ཐམས་ཅད་དར་ཞིང་རྒྱས་པར་མཛད། གུ་གེ་ནས་ཁྲལ་དང་དཔྱར་ལོ་ལྟར་གསེར་ཞོ་སུམ་བརྒྱ། དངུལ། ལུག་ཚེར་མོ་བརྒྱ། ཆིབས་པ་གཅིག རུ་ཐོག་ནས་གསེར་ཞོ་ཉིས་བརྒྱ་དྲུག་ཅུ། ལུག་ཚེར་མོ་བརྒྱ། ཆིབས་པ་གཅིག བཙོད་རྐྱལ་པ་བཅུ། མཁར་ཨོ་ལྡོང་དང་། ཞིང་དར་ཆེན་དར་ཆུང་རྣམས་དང་། གཞན་ཡང་ཁྲལ་དང་དཔྱའ་ལ་སོགས་པ་ཕྱོགས་ཕྱོགས་ནས་འབུལ་མཁན་མང་པོ་བྱུང་ཡོད། ཁོང་གིས་ད་དུང་གཙུག་ལག་ཁང་རྒྱ་ཆེན་པོ་བཞེངས་པ་སོགས་མེས་རལ་པ་ཅན་ལྟ་བུའི་ཕྱག་རྗེས་ཤིག་འཇོག་པར་དགོངས་པའི་མུར་སྐུ་གཤེགས་ཤིང་། དེ་རྗེས་རྒྱལ་ཕྲན་ལྟ་བུའི་མངའ་རིས་རྣམས་ཀྱང་ཕྱོགས་སུ་གྱེས་སོ། །

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྨད་ཙམ་དུ་མངའ་རིས་སུ་ཡབ་མངའ་བདག་བཀྲ་ཤིས་རྣམ་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། ཁོང་གིས་མངའ་རིས་ཀྱི་རྒྱལ་སྲིད་བསྐྱངས་ཏེ་བྱང་ངམ་རིང་དང་། གློ་བོ། པུ་རངས། གུ་གེ་ལ་སོགས་པའི་ཡུལ་གྲུ་རྣམས་ལ་དམག་དྲངས་ཏེ་མངའ་འོག་ཏུ་བསྡུས། ལྷོ་ཕྱོགས་འཛུམ་ལང་། ཉུང་ཏི། ནུབ་ཤིང་དཀར། ཁབ་གར་ཚུན་ཆོད་ཀྱང་ཆབ་འབངས་སུ་བཀུགས་ཏེ། ས་ཁུལ་དེ་ཚོའི་སྔར་གྱི་བདག་པོ་རྣམས་མི་གཏེར་ཉར་བ་དང་། བཀའ་གསུང་ཅི་སྒྲུབ་ཞུ་རྒྱུའི་ཡིག་དན་བྱས་པ་དང་། མཁར་རྣམས་ལ་སྐུ་ཚབ་བཞག་ནས་མར་ཡུལ་ཐམས་ཅད་དར་ཞིང་[1847]རྒྱས་པར་མཛད། གུ་གེ་ནས་དཔྱ་ཁྲལ་ལ། ལོ་ལྟར་གསེར་ཞོ་སུམ་བརྒྱ་དང་། དངུལ། ལུག་ཚེར་མོ་བརྒྱ། ཆིབས་པ་གཅིག རུ་ཐོག་ནས་གསེར་ཞོ་ཉིས་བརྒྱ་དྲུག་ཅུ། ལུག་ཚེར་མོ་བརྒྱ། ཆིབས་པ་གཅིག བཙོད་རྐྱལ་པ་བཅུ། མཁར་ཨོ་ལྡོང་དང་། ཞིང་དར་ཆེན་དར་ཆུང་རྣམས་དང་། གཞན་ཡང་དཔྱ་ཁྲལ་ལ་སོགས་པ་ཕྱོགས་ཕྱོགས་ནས་འབུལ་མཁན་མང་པོ་བྱུང་ཡོད། ཁོང་ནི་མངའ་རིས་ཀྱི་རྒྱལ་རབས་ཉེར་གཉིས་པ་ཡིན་ནོ། །

language:
Tibetan