- lha chen ut+pal
- ID:
- T247120
- ལྷ་ཆེན་ཨུཏྤལ (Tibetan, Tibetan script, Original)
- > lha chen ut+pal (Tibetan, Latin script, Transliteration-THL Extended Wylie Transliteration)
- > lhachen utpal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྟོད་ཀྱི་མགོན་གསུམ་གྱི་ཡ་གྱལ་རིག་པ་མགོན་གྱི་རྒྱུད་པ། ཡབ་བླ་ཆེན་རྒྱལ་པོའི་སྲས། རྒྱལ་པོ་འདིས་ལ་དྭགས་སྟོད་གཤམ་གཉིས་ཀྱི་དམག་དྲངས་ནས་ཉུང་ཏི་ལ་བརྒྱབ་པས་ཉུང་ཏི་རྒྱལ་པོ་ཕམ་ནས་གངས་ཏི་སི་ནམ་བཞུ་དང་། མཚོ་མ་ཕམ་ནམ་སྐམ་བར་ཏེ་ཇི་སྲིད་བར་རྒྱལ་པོར་མཛོ་དང་ལྕགས་ལ་སོགས་པའི་ཁྲལ་དང་དཔྱའ་འབུལ་བའི་མནའ་གན་བཞག་པ་ལག་བསྟར་རྒྱུན་འཁྱོངས་བྱས་པ་དང་། ད་དུང་གློ་བོ། པུ་ཧྲེངས་མན་ཆོད། ལྷོ་ཕྱོགས་བྲེ་སྲང་གི་ཡུལ་ཆུ་ལ་མེ་འབར་ཚུན་ཆོད། ནུབ་ཕྱོགས་ར་ཤན་འགྲེང་ཤིང་། སྟག་ཁ་ཚུན་ཆད། བྱང་ཕྱོགས་ཀ་བྲུས་ཕན་ཚོད་མངའ་འོག་ཏུ་བསྡུས་ཏེ་ལོ་ལྟར་དཔྱའ་ཁྲལ་འབུལ་བ་དང་། རྒྱལ་པོའི་ཞལ་མཇལ་ཞུ་བར་ཡོང་རྒྱུའི་ཆོད་ཁ་བྱས་པ་སོགས་རྒྱལ་པོ་འདིའི་དུས་སུ་མངའ་ཐང་རྒྱས་ལ་དཔུང་སྟོབས་བཙན་པ་བྱུང་ངོ་། །
- language:
- Tibetan
2. Thupten Phuntsok Dictionary
སྟོད་ཀྱི་མགོན་གསུམ་གྱི་ཡ་གྱལ་རིག་པ་མགོན་གྱི་རྒྱུད་པ། ཡབ་བླ་ཆེན་རྒྱལ་པོའི་སྲས། རྒྱལ་པོ་འདིས་ལ་དྭགས་སྟོད་གཤམ་གཉིས་ཀྱི་དམག་དྲངས་ནས་ཉུང་ཏི་ལ་བརྒྱབ་པས་ཉུང་ཏི་རྒྱལ་པོ་ཕམ་ནས་གངས་ཏི་སེ་ནམ་བཞུ་དང་། མཚོ་མ་ཕམ་ནས་སྐམ་བར་ཏེ་ཇི་སྲིད་བར་རྒྱལ་པོར་མཛོད་དང་ལྕགས་ལ་སོགས་པའི་ཁྲལ་དང་དཔྱའ་འབུལ་བའི་མནའ་གན་བཞག་པ་ལག་བསྟན་རྒྱུན་འཁྱོངས་བྱས་པ་དང་། ད་དུང་གློ་བོ། པུ་ཧྲེངས་མན་ཆད་ལྷོ་ཕྱོགས་བྲེང་སྲང་གི་ཡུལ་ཆུ་ལ་མེ་འབར་ཚུན་ཆད། བྱང་ཕྱོགས་ཀ་བྲུས་ཕན་ཆད་མངའ་འོག་ཏུ་བསྡུས་ཏེ་ལོ་ལྟར་དཔྱའ་ཁྲལ་འབུལ་བ་དང་། རྒྱལ་པོའི་ཞལ་མཇལ་ཞུ་བར་ཡོང་རྒྱུའི་ཆོད་ཁ་བྱས་པ་སོགས་རྒྱལ་པོ་འདིའི་དུས་སུ་མངའ་ཐང་རྒྱས་ལ་དཔུང་སྟོབས་བཙན་པ་བྱུང་ངོ། །
- language:
- Tibetan