Skip to main content Skip to search
lha rje dge ba 'bum gyi gdung rten
ID:
T247124
  • ལྷ་རྗེ་དགེ་བ་འབུམ་གྱི་གདུང་རྟེན (Tibetan, Tibetan script, Original)
    • > lha rje dge ba 'bum gyi gdung rten (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lharjé gewa bum gyi dung ten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལྷ་རྗེ་དགེ་བ་འབུམ་ནི་བླ་མ་ཞང་རིན་པོ་ཆེའི་སློབ་མ་མཁས་གྲུབ་ཆེན་པོ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ལྷ་ས་གཙུག་ལག་ཁང་གི་དཀོན་གཉེར་གྱི་ཚབ་ལྟ་བུ་རྒྱུན་རིང་གནང་མྱོང་བར་བརྟེན་གཤེགས་ཁར་གཙུག་ལག་ཁང་ལ་འབྱུང་བ་ཆུའི་གནོད་པ་ཞི་བའི་ཆེད་དུ་ཁ་བསྣོན་ཞལ་ཆེམས་ལྟར་གཙུག་ལག་ཁང་བྱམས་པ་མཆེད་བཞིའི་ལྷ་ཁང་སྒྲོལ་དཀར་གྱི་སྐུ་འདྲ་ཞིག་ནང་སྐུ་གདུང་ཧྲིལ་པོ་གཟུངས་བཞུགས་སུ་ཡོད་པའི་ལོ་རྒྱུས་རྩེ་མཐུན་པ་ཁ་ཤས་དང། ཡང་སྨན་རྩིས་ཁང་ཨེམ་རྗེ་བགྲེས་གྲས་ཁག་གཅིག་ནས་གསུང་རྒྱུན་ལྟར་ན། ལྷ་སའི་སྐུ་འབུམ་ཐང་ཟེར་བའི་བརྒྱུད་ཀྱི་གཙང་ཆུའི་འགྲམ་དུ་ཁོ་རང་གི་ཞལ་ཆེམས་ཇི་བཞིན་རྗེས་འཇུག་མཆོད་རྟེན་ཆེན་པོ་གཅིག་བཞེངས་ཡོད་པ་དེའི་གཟུངས་བཞུགས་སུ་ལྷ་རྗེ་དགེ་བ་འབུམ་གྱི་སྐུ་གདུང་ཧྲིལ་པོ་ཡོད་པའི་སྐོར་བཅས་ལོ་རྒྱུས་མི་འདྲ་བ་གཉིས་འདུག རིག་གནས་གསར་བརྗེའི་སྐབས་མཆོད་རྟེན་དང་གཙུག་ལག་ཁང་གི་སྒྲོལ་མ་ངོ་མ་རྩ་མེད་གཏོར་བཤིག་ཟིན་རུང་དེང་སང་སྒྲོལ་མའི་སྐུ་ཚབ་འདྲ་ཞིག་གསར་སྐྲུན་བྱས་ཡོད།

language:
Tibetan

2. Thupten Phuntsok Dictionary

ལྷ་རྗེ་དགེ་བ་འབུམ་ནི་བླ་མ་ཞང་རིན་པོ་ཆེའི་སློབ་མ་མཁས་གྲུབ་ཆེན་པོ་ཞིག་ཡིན་པ་མ་ཟད། གསོ་བ་རིག་པའི་གནས་ལ་རྨད་དུ་བྱུང་བ་དང་། ལྷག་པར་དུ་ལྷ་ས་གཙུག་ལག་ཁང་གི་དཀོན་གཉེར་གྱི་ཚབ་ལྟ་བུ་རྒྱུན་རིང་གནང་མྱོང་བར་བརྟེན་གཤེགས་ཁར་གཙུག་ལག་ཁང་ལ་འབྱུང་བ་ཆུའི་གནོད་པ་ཞི་བའི་ཆེད་དུ་ཁ་བསྣོན་ཞལ་ཆེམས་ལྟར་གཙུག་ལག་ཁང་བྱམས་པ་མཆེད་དུ་བཞིའི་ལྷ་ཁང་སྒྲོལ་དཀར་གྱི་སྐུ་འདྲ་ཞིག་ནང་སྐུ་གདུང་ཧྲིལ་པོ་གཟུངས་བཞུགས་སུ་ཡོད་པའི་ལོ་རྒྱུས་རྩེ་མཐུན་པ་ཁ་ཤས་སོ། །

language:
Tibetan