- lha rje zla ba'i 'od zer
- ID:
- T247125
- ལྷ་རྗེ་ཟླ་བའི་འོད་ཟེར (Tibetan, Tibetan script, Original)
- > lha rje zla ba'i 'od zer (Tibetan, Latin script, Transliteration-THL Extended Wylie Transliteration)
- > lharjé dawé özer (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཉིད་འཁོན་ཕུ་བའི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཡོས(༡༡༢༣)ལོར་སྐུ་འཁྲུངས། དགུང་ལོ་གཉིས་ལ་ཕེབས་སྐབས་ཡུམ་གཤེགས་ནས་ལྷ་རྗེ་མས་ལོ་བཅུའི་བར་དུ་གསོས། བཅུ་དྲུག་ལ་ཕེབས་སྐབས་འུ་ཡུག་གི་ཞང་རྒྱ་མ་བ། གངས་པ་ཤེའུ། རོང་ཟོམ་ཆོས་ཀྱི་བཟང་པོ་ལ་སོགས་པ་བསྟེན་ནས་གསན་པ་རྒྱ་ཆེར་མཛད། ཕྱིས་ཡབ་དང་ཨ་ནེ་གཉིས་ལ་དབང་གདམས་པ་མ་ལུས་པར་ཞུས། གཞན་བལ་པོར་ཡང་ཛ་ཡ་སེ་ན་ལ་སོགས་པའི་བླ་མ་མང་དུ་བསྟེན། ཡབ་ཀྱི་ལུགས་བཞིན་དུ་གདམས་ངག་དབང་བསྐུར་སྡེ་སྟོང་གི་བཤད་པ་གསུམ་གྱིས་ཡུལ་དང་ཡུལ་རྣམས་སུ་གདུལ་བྱ་མཐའ་ཡས་པ་བསྐྱངས། མཁས་པའི་སྙན་པས་སྟོད་ལུང་རྒྱ་དམར་བ་ལ་སོགས་པས་ཀྱང་ཞབས་ལ་གཏུགས། ཟང་ཟིང་གི་ལོངས་སྤྱོད་ལ་མངའ་བརྙེས་པས་ཡབ་དང་ཨ་ནེའི་དགོངས་པ་རྫོགས་ཐབས་སྐྱེ་བོ་མང་པོར་སྦྱིན་གཏོང་དང། དངུལ་གྱི་གདུང་ཁང་ཆེན་པོ་གཉིས་བཞེངས། བལ་ཡུལ་དུ་ཁྱེར་ནས་ཁང་གསར་བ་ཛ་ཡ་སེ་ན་ལ་རབ་གནས་ཞུས། ཁོང་གིས་དབང་བཞི་རྫོགས་དང་བཅས་པའི་རབ་གནས་མཛད། སླར་བོད་དུ་འཁོར་རྣམས་ཀྱིས་བསུ་བ་རྒྱ་ཆེ་མཛད་དེ་སྤྱན་དྲངས། བལ་ཡུལ་དུ་འཕགས་པ་ཤིང་ཀུན་གྱི་གདུགས་ལན་མང་དུ་བཀལ། དེ་ན་གནས་པའི་རྣལ་འབྱོར་མ་དང་གྲུབ་པའི་རྣལ་འབྱོར་པ་མང་པོ་བསྡུས་ནས་ཚོགས་ཀྱི་མཆོད་པ་ཡང་མང་དུ་མཛད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་སྤེལ་ནས་མཐར་དགུང་ལོ་དྲུག་ཅུ་པ་རབ་བྱུང་གསུམ་པའི་ཆུ་སྟག (༡༡༨༢)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
འདི་ཉིད་འཁོན་ཕུ་བའི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཡོས (༡༡༢༣) ལོར་སྐུ་འཁྲུངས། དགུང་ལོ་གཉིས་ལ་ཕེབས་སྐབས་ཡུམ་གཤེགས་ནས་ལྷ་རྗེ་མས་ལོ་བཅུའི་བར་དུ་གསོས། བཅུ་དྲུག་ལ་ཕེབས་སྐབས་འུ་ཡུག་གི་ཞང་རྒྱ་མ་བ། གངས་པ་ཤེའུ། རོང་ཟོམ་ཆོས་ཀྱི་བཟང་པོ་ལ་སོགས་པ་བསྟེན་ནས་གསན་པ་རྒྱ་ཆེར་མཛད། ཕྱིས་ཡབ་དང་ཨ་ནེ་གཉིས་ལ་དབང་གདམས་པ་མ་ལུས་པར་ཞུས། གཞན་བལ་པོར་ཡང་ཛ་ཡ་སེ་ན་ལ་སོགས་པའི་བླ་མ་མང་དུ་བསྟེན། ཡབ་ཀྱི་ལུགས་བཞིན་དུ་གདམས་ངག་དབང་བསྐུར་སྡེ་སྟོང་གི་བཤད་པ་གསུམ་གྱིས་ཡུལ་དང་ཡུལ་རྣམས་སུ་གདུལ་བྱ་མཐའ་ཡས་པ་བསྐྱངས། མཁས་པའི་སྙན་པས་སྟོད་ལུང་རྒྱ་དམར་བ་ལ་སོགས་པས་ཀྱང་ཞབས་ལ་གཏུགས། ཟང་ཟིང་གི་ལོངས་སྤྱོད་ལ་མངའ་བརྙེས་པས་ཡབ་དང་ཨ་ནེའི་དགོངས་པ་རྫོགས་ཐབས་སྐྱེ་བོ་མང་པོར་སྦྱིན་གཏོང་དང་། དངུལ་གྱི་གདུང་ཁང་ཆེན་པོ་གཉིས་བཞེངས། བལ་ཡུལ་དུ་ཁྱེར་ནས་ཁང་གསར་བ་ཛ་ཡ་སེ་ན་ལ་རབ་གནས་ཞུས། ཁོང་གིས་དབང་བཞི་རྫོགས་དང་བཅས་པའི་རབ་གནས་མཛད། སླར་བོད་དུ་འཁོར་རྣམས་ཀྱིས་བསུ་བ་རྒྱ་ཆེ་མཛད་དེ་སྤྱན་དྲངས། བལ་ཡུལ་དུ་འཕགས་པ་ཤིང་ཀུན་གྱི་གདུགས་ལན་མང་དུ་བཀལ། དེ་ན་གནས་པའི་རྣལ་འབྱོར་མ་དང་གྲུབ་པའི་ཆེད་པ་ཡང་མང་དུ་མཛད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་སྤེལ་ནས་མཐར་དགུང་ལོ་དྲུག་ཅུ་པ་རབ་བྱུང་གསུམ་པའི་ཆུ་སྟག (༡༡༨༢) ལོར་སྐུ་གཤེགས།
- language:
- Tibetan