- lha gdon
- ID:
- T247133
- ལྷ་གདོན (Tibetan, Tibetan script, Original)
- > lha gdon (Tibetan, Latin script, Transliteration-THL Extended Wylie Transliteration)
- > lha dön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལྷ་ཞེས་འཇུག་པ་མང་ཡང་སྐབས་འདིར་འགྲོ་བ་རིགས་དྲུག་གི་ཡ་གྱལ་ལྷ་ལ་འཇུག་པས་དེ་འདོད་རྒྱལ་གྱི་སྒྲ་ཡིན་པས་ངེས་ཚིག་མེད་ཀྱང་ལེགས་སྦྱར་སྐད་ཀྱི་ལྷའི་སྐད་དོད་དུ། དེ་བཀསྲ་ཏེ། བོད་ཀྱི་སྐད་དུ་མཐོ་རིས་གནས་བྱེད་དམ་མཁའ་ཁྱིམ་པ་ཞེས་དང་། ཡང་ན་དེང་བ་སྟེ་རྩེ་ཞིང་རོལ་བར་བྱེད་པས་ན་ལྷ་ཞེས་ཟེར་བས་དེ་རི་རབ་ཀྱི་རྩེ་མོ་སུམ་ཅུ་རྩ་གསུམ་སོགས་མཁའ་ལ་གནས་ཤིང་། ལུས་ལ་རང་བྱུང་གི་འོད་དང་རྫུ་འཕྲུལ་གྱིས་ནམ་མཁར་འགྲོ་བ་སོགས་ཀྱི་མཐུ་དང་ལྡན་པ། རྟག་ཏུ་རྩེ་འཇོ་ལ་རོལ་བ་ཞིག་གི་མིང་ཡིན་པས་དེས་གནོད་པ་གཏོང་བའི་ནད་ལ་ལྷ་གདོན་ཞེས་ཟེར་ཏེ། ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགས་མཛད་པའི་ཡན་ལག་བརྒྱད་པའི་འགྲེལ་པ་ཟླ་ཟེར་ལས། ལྷ་ཡི་གདོན་གྱིས་དབང་བྱས་པས། །གདོང་ནི་པདྨ་ཁ་ཕྱེ་འདྲ། །ཁ་ཟས་ལ་ནི་འདོད་པ་མེད། །ལྷ་དང་བྲམ་ཟེ་ལ་རབ་དགའ། །གཙང་ཞིང་སཾ་སྐྲི་ཏ་སྐད་སྨྲ། །ཡུན་རིང་ནས་ནི་མིག་འཛུམ་ཞིང་། །ལུས་དྲི་ཞིམ་ཞིང་མཆོག་སྟེར་བྱེད། །གོས་ཕྲེང་དཀར་པོ་ཆུ་བོ་དང་། །རི་མཐོ་ཁང་པ་མཐོ་ལ་དགའ། །གཉིད་མེད་ཆུགས་པ་མེད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan