Skip to main content Skip to search
lha ldan 'phrul snang gi gan+d+ho la chen po'i khyams ra
ID:
T247136
  • ལྷ་ལྡན་འཕྲུལ་སྣང་གི་གནྡྷོ་ལ་ཆེན་པོའི་ཁྱམས་ར (Tibetan, Tibetan script, Original)
    • > lha ldan 'phrul snang gi gan+d+ho la chen po'i khyams ra (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lhaden trul nang gi gandho(?) la chenpö khyam ra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ལྷ་ས་གཙུག་ལག་ཁང་གི་ཁྱམས་ར)ལྷ་སའི་གཙུག་ལག་ཁང་གི་ཁྱམས་ར་ཆེན་མོ་འདི་དང་བར་སྐོར་གཉིས་གཙུག་ལག་ཁང་ཐོག་མར་བཞེངས་དུས་མེད་ཀྱང་། རྗེས་སུ་རབ་བྱུང་བདུན་པའི་ས་གླང(༡༤༠༩)ལོར། རྗེ་ཙོང་ཁ་པས་ལྷ་ལྡན་སྨོན་ལམ་ཆེན་མོ་འཛུགས་པར་གནང་ཉེའི་སྐབས་སྣེ་གདོང་མི་དབང་གྲགས་པ་རྒྱན་མཚན་ལ་ལྷ་ས་གཙུག་ལག་ཁང་འདིར་ཉམས་གསོ་ལེགས་པོ་ཞིག་གནང་དགོས་པའི་ཞུ་བསྐུལ་མཛད་པ་ལྟར་ཁོང་གིས་ཀྱང་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོ་དང་གཞིས་ཀ་བྲག་དཀར་བ་སོགས་སྐྱིད་ཤོད་དང། འཕན་པོ་ཁུལ་གྱི་རྫོང་དང་གཞིས་སྟོད་རྣམས་ལ་བཀའ་ཕབ་སྟེ། གནམ་ཡངས་རྡོ་རྗེའི་ར་བ་ཀ་བ་བཅུ་གཉིས། ཐོག་མཐུད་ཀ་བ་བཅུ། ཁྱམས་ཀ་བ་བཅུ་བཅས་གསར་བཙུགས་དང། ཉང་སེར་སྨད་རི་ནས་རྡོ་ཕོན་ཆེན་དྲངས་ཏེ་བར་སྐོར་དང་ཁྱམས་ཀྱི་རྡོ་བཅལ་གསར་བརྗེས་བཅས་བསྒྲུབས་ཤིང། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྲིད་དབང་བཞེས་རྗེས་ལོ་གསུམ་གྱི་རིང་གཙུག་ལག་ཁང་གི་ཁྱམས་ར་ཆེན་མོར་གཞི་ཁྱོན་ཆེ་བའི་ཉམས་གསོ་དང་། གཞུང་སྒོའི་མདུན་དུ་སྒོ་འཕྱོར་གསར་གཏོད། བར་སྐོར་ཀྱི་ཆོ་འཕྲུལ་བཅོ་ལྔའི་ལྡེབས་བྲིས་དང། ཁྱམས་རའི་སངས་རྒྱས་སྟོང་སྐུའིལྡེབས་བྲིས་བཅས་གསར་བཞེངས་གནང་། དེ་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དང་བརྒྱད་པ། བཅུ་གསུམ་པ་བཅས་ཀྱི་རིམ་པར་ཉམས་གསོ་དང་རྒྱ་བསྐྱེད་གནང་བ་བཅས་ཞིབ་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི(གསུང་འབུམ་པོད「ཅ」པའི་ནང)《འཕྲུལ་སྣང་གཙུག་ལག་ཁང་ལ་ཉམས་གསོ་བགྱིས་པའི་དཀར་ཆག》ཞེས་པར་གསལ།

language:
Tibetan

2. Thupten Phuntsok Dictionary

(ལྷ་ས་གཙུག་ལག་ཁང་གི་ཁྱམས་ར) ལྷ་སའི་གཙུག་ལག་ཁང་གི་ཁྱམས་ར་ཆེན་མོ་འདི་དང་བར་སྐོར་གཉིས་གཙུག་ལག་ཁང་ཐོག་མར་བཞེངས་དུས་མེད་ཀྱང་། རྗེའི་སུ་རབ་བྱུང་བདུན་པའི་ས་གླང (༡༤༠༩) ལོར།རྗེ་ཙོང་ཁ་པས་ལྷ་ལྡན་སྨོན་ལམ་ཆེན་མོ་འཛུགས་པར་གནང་ཉེའི་སྐབས་སྣེ་གདོང་མི་དབང་གྲགས་པ་རྒྱལ་མཚན་ལ་ལྷ་ས་གཙུག་ལག་ཁང་འདིར་ཉམས་གསོ་ལེགས་པོ་ཞིག་གནང་དགོས་པའི་ཞུ་བསྐུལ་མཛད་པ་ལྟར་ཁོང་གིས་ཀྱང་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོ་དང་གཞིས་ཀ་བྲག་དཀར་བ་སོགས་སྐྱིད་ཤོད་དང་། འཕན་པོ་ཁུལ་གྱི་རྫོང་དང་གཞིས་སྟོད་རྣམས་ལ་བཀའ་ཕབ་སྟེ། གནམ་ཡངས་རྡོ་རྗེའི་ར་བ་ཀ་བ་བཅུ་གཉིས། ཐོག་མཐུད་ཀ་བ་བཅུ། ཁྱམས་ཀ་བ་བཅུ་བཅས་གསར་བཙུགས་དང་། ཉང་སེར་སྨད་རི་ནས་རྡོ་ཕོན་ཆེན་དྲངས་ཏེ་བར་སྐོར་དང་ཁྱམས་ཀྱི་རྡོ་བཅལ་གསར་བརྗེས་བཅས་བསྒྲུབས་ཤིང་། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྲིད་དབང་བཞེས་རྗེས་ལོ་གསུམ་གྱི་རིང་གཙུག་ལག་ཁང་གི་ཁྱམས་ར་ཆེན་མོར་གཞི་ཁྱོན་ཆེ་བའི་ཉམས་གསོ་དང་། གཞུང་སྒོའི་མདུན་དུ་སྒོ་འཕྱོར་གསར་གཏོད། བར་སྐོར་ཀྱི་ཆོ་འཕྲུལ་བཅོ་ལྔའི་ལྡེབས་བྲིས་དང་། ཁྱམས་རའི་སངས་རྒྱས་སྟོང་སྐུའི་ལྡེབས་བྲིས་བཅས་གསར་བཞེངས་གནང་། དེ་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དང་བརྒྱད་པ། བཅུ་གསུམ་པ་བཅས་ཀྱིས་རིམ་པར་ཉམས་གསོ་དང་རྒྱ་བསྐྱེད་གནང་བའོ། །

language:
Tibetan