- lha bu'i khams
- ID:
- T247147
- ལྷ་བུའི་ཁམས (Tibetan, Tibetan script, Original)
- > lha bu'i khams (Tibetan, Latin script, Transliteration-THL Extended Wylie Transliteration)
- > lha bü kham (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་བཏགས་པའི་ཅོང་ཞིའི་མིང་གི་རྣམ་གྲངས་ཤིག་སྟེ། མི་ཡི་ཉི་མ་མཐོང་བ་དོན་ལྡན་གྱིས་མཛད་པའི་མ་ལ་ཡའི་དཀའ་འགྲེལ་ལས། བྱུང་ཁུངས་བསྐལ་པ་དང་པོ་ལ། ལྷ་བུ་ཡིད་བཞིན་ནོར་བུ་དེ། གངས་རི་ནགས་འདབ་མཚོ་འགྲམ་དང་། འགྱིང་བྲག་དཀར་པོའི་སྟེང་དུ་བྱོན། ལྷ་ཀླུ་སྡེ་བརྒྱད་བུ་མོ་མཐོང་། འགྱིང་འགྱུར་འཇོ་སྒེག་བྱད་ཀྱི་མདངས། ནུ་མའི་གར་དང་པད་མའི་འགྲོས། མཐོང་བས་ཡིད་གཡོས་སྐུ་ལ་འཁྱུད། ཞལ་གྱི་ལྗགས་གཞིབས་མོད་ལ་ནི། ཀུན་ནས་ཁམས་གཡོས་དཀར་དམར་ཤོར། དཀར་པོ་འགྱིང་བྲག་སྟེང་དུ་བབས། རྡོ་ལས་དྲོད་སྐྱེས་ཚི་བུར་ཆགས། མིང་ཡང་བདུད་རྩི་ཅོང་ཞི་ཟེར། ཞེས་དང་། ལྷ་བུའི་ཁམས་ལས་བྱུང་བའི་ཕྱིར། མིང་ཡང་དེ་ལྟར་མཁས་པས་བཏགས། ཞེས་གསུངས་པ་ལྟར་རོ།
- language:
- Tibetan