- lha bris mkhas chen phur bu tshe ring
- ID:
- T247152
- ལྷ་བྲིས་མཁས་ཆེན་ཕུར་བུ་ཚེ་རིང (Tibetan, Tibetan script, Original)
- > lha bris mkhas chen phur bu tshe ring (Tibetan, Latin script, Transliteration-THL Extended Wylie Transliteration)
- > lha dri khé chen purbu tsering (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དུས་རབས་བཅོ་བརྒྱད་པའི་དུས་འགོར་མདོ་ཁམས་ཆབ་མདོ་ས་ཁུལ་གྱི་འཇོ་མདའ་གྲུབ་པ་ཚང་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ཡབ་མེས་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་དང་རི་མོ་གསན་ཏེ་མཁས་པར་གྱུར། ཁོང་གི་བྲིས་རྒྱུན་ནི་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྲོལ་གཏོད་པའི་སྨན་གསར་ཕྱག་རྒྱུན་ཐོག་ཁོང་རང་ཉིད་ཀྱི་བློ་གྲོས་སྙིང་བཅུད་ལས་ཕྱུང་བའི་ཁྱད་ཆོས་འགའ་ཞིག་གསར་བསྣན་མཛད་པའི་བྲིས་རྒྱུན་སྤེལ་བ་འདིར་དུས་ཕྱིས་ཁམས་བྲིས་ཞེས་པའི་ཐ་སྙད་བྱུང་བ་ཡིན། ཁོང་གི་ཕྱག་བཟོའི་བརྩམ་བྱར་མཚོན་ན། ཀཿཐོག་ལྷ་ཁང་ཆེན་མོའི་ལྡེབས་རིས་དང་། གུང་རུ་མཚན་བརྒྱད་ཀྱི་སྣང་བརྙན་དགུ་ཐང་སྒྲུབ་པ་བཀའ་བརྒྱད་སོགས་ཞལ་ཐང་མི་ཉུང་བ་ཞིག་དང་། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་པར་ཤིང་གྲས། སྟོན་པ་མཛད་པ་བཅུ་གཉིས་དང་། དཔག་བསམ་འཁྲི་ཤིང་། གུ་རུ་མཚན་བརྒྱད། གསང་སྔགས་གསར་རྙིང་གི་ཡི་དམ་དང་སྲུང་མའི་སྣང་བརྙན་མང་པོ་ཞིག་གི་ཤིང་པར་མ་བྲིས་རྣམས་ཡིན།
- language:
- Tibetan