Skip to main content Skip to search
lha blo gros 'od
ID:
T247155
  • ལྷ་བློ་གྲོས་འོད (Tibetan, Tibetan script, Original)
    • > lha blo gros 'od (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lha lodrö ö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་ཡབ་མངའ་བདག་གྲགས་པ་རིན་ཆེན་དང་ཡུམ་ལྷ་གཅིག་རྡོ་རྗེའི་སྲས་སུ་རབ་བྱུང་བཞི་པའི་ཤིང་བྱ(༡༢༢༤)ལོར་སྐུ་འཁྲུངས། དགུང་ལོ་གཞོན་ནུའི་དུས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་དང། སློབ་དཔོན་ཀུན་དགའ་སོགས་ལས་དབང་གདམས་ངག་མང་དུ་གསན། དེ་ནས་ཟུར་ཁང་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཁན་པོ་ལྷག་རུ་བ་དང་སྦས་པ་སྟོན་གཞོན་གཉིས་ཀྱིས་མཁན་སློབ་མཛད་ནས་རབ་ཏུ་བྱུང། དགུང་ལོ་ཉི་ཤུ་པ་ལ་མཁན་སློབ་དེ་གཉིས་ལས་བསྙེན་པར་རྫོགས། ཟུར་ཁང་པ་ལས་གཞུང་གདམས་ངག་མ་ལུས་པར་གསན། བྱེ་བྲག་ཏུ་བློ་སྦྱོང་དོན་བདུན་མ་སོགས་གྲགས་པ་དང་མ་གྲགས་པའི་སྙན་བརྒྱུད་དང། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་གདམས་པ་ཟབ་མོ་རྣམས་གསན། སྦས་པ་སྟོན་གཞོན་ལས་ཤེར་ཕྱིན་གྱི་སྐོར་དང། མཁན་པོ་གཞོན་ཚུལ་ལས་འདུལ་བའི་སྐོར་གསན། དགུང་ལོ་ཉི་ཤུ་རྩ་བདུན་ལ་ཕེབས་པ་ལྕགས་ཕག (༡༢༥༡)ལོར་སྤྱིལ་བུའི་གདན་སར་ཕེབས། ཟུར་ཁང་པས་དུང་རིན་པོ་ཆེ་དང། འཕེལ་གདུང་དང། ཤཱ་རིའི་བུའི་ལྷུང་བཟེད་དང། ནཱ་རོའི་རུས་རྒྱན་དང། ཇོ་བོ་རྗེའི་ཕྱག་དྲིལ་དང། ཕྱག་དོར་དང། པོ་ཏ་ལ་སོགས་གཙུག་ལག་ཁང་གི་ལྡེ་མིག་གནང། སྤྱིར་གདན་ས་ལོ་བཞི་བཅུའི་བར་དུ་བསྐྱངས། དགུང་ལོ་དྲུག་ཅུ་རེ་དྲུག་ལ་ཕེབས་པ་རབ་བྱུང་ལྔ་པའི་ལྕགས་སྟག(༡༢༩༠)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་ཡབ་མངའ་བདག་གྲགས་པ་རིན་ཆེན་དང་ཡུམ་ལྷ་གཅིག་རྡོ་རྗེའི་སྲས་སུ་རབ་བྱུང་བཞི་པའི་ཤིང་བྱ (༡༢༢༥) ལོར་འཁྲུངས། དགུང་ལོ་གཞོན་ནུའི་དུས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་དང་། སློབ་དཔོན་ཀུན་དགའ་སོགས་ལས་དབང་གདམས་ངག་མང་དུ་གསན། དེ་ནས་ཟུར་ཁང་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཁན་པོ་ལྷག་རུ་བ་དང་སྦས་པ་སྟོན་གཞོན་གཉིས་ཀྱིས་མཁན་སློབ་མཛད་ནས་རབ་ཏུ་བྱུང་། དགུང་ལོ་ཉི་ཤུ་པ་ལ་མཁར་སློབ་དེ་གཉིས་ལས་བསྙེན་པར་རྫོགས། ཟུར་ཁང་པ་ལས་གཞུང་གདམས་ངག་མ་ལུས་པར་གསན། བྱེ་བྲག་ཏུ་བློ་སྦྱོང་དོན་བདུན་མ་སོགས་གྲགས་པ་དང་མ་གྲགས་པའི་སྙན་བརྒྱུད་དང་། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་གདམས་པ་ཟབ་མོ་རྣམས་གསན། སྦས་པ་སྟོན་གཞོན་ལས་ཤེར་ཕྱིན་གྱི་སྐོར་དང་། མཁན་པོ་ཉི་ཤུ་རྩ་བདུན་ལ་ཕེབས་པ་ལྕགས་ཕག (༡༢༥༡) ལོར་སྤྱིལ་བུའི་གདན་སར་ཕེབས། ཟུར་ཁང་པས་དུང་རིན་ཆེན་དང་། འཕེལ་གདུང་དང་། ཇོ་བོ་རྗེའི་ཕྱག་དྲིལ་དང་། ཕྱག་རྡོར་དང་། པོ་ཏ་ལ་སོགས་གཙུག་ལག་ཁང་རྣམས་ཀྱི་ལྡེ་མིག་གནང་། སྤྱིར་གདན་ས་ལོ་བཞི་བཅུའི་བར་དུ་བསྐྱངས། དགུང་ལོ་དྲུག་ཅུ་རེ་དྲུག་ལ་ཕེབས་པ་རབ་བྱུང་ལྔ་པའི་ལྕགས་སྟག (༡༢༩༠) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་ལྔ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ 1285 ལོར་ཡབ་མང་མངའ་བདག་གྲགས་པ་རིན་ཆེན་དང་། ཡུམ་ལྷ་གཅིག་རྡོ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ 1350 ལོར་སྤྱིལ་བུར་སྐུ་གཤེགས། ཁོང་གིས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་དང་། སློབ་དཔོན་ཀུན་དགའ་ལ་སོགས་པའི་དགེ་བའི་བཤེས་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མ་ཟད། དབང་དང་གདམས་ངག་ཀྱང་མང་དུ་ཞུས། དེ་ནས་སྤྱིལ་བུར་ཕེབས་ཏེ་ལྷ་ཟུར་ཁང་པའི་ཞབས་ལ་གཏུགས་ཤིང་ཆོས་མང་དུ་གསན་ཞིང་དགེ་བསྙེན་གྱི་སྡོམ་པ་མནོས། མཁན་པོ་ལྷག་རུ་བ་དང་སྦས་པ་སྟོན་གཞོན་གཉིས་ཀྱིས་མཁན་སློབ་མཛད་ཅིང་རབ་ཏུ་བྱུང་ཞིང་མཚན་ལ་བློ་གྲོས་འོད་ཅེས་གསོལ། དགུང་ལོ་ཉི་ཤུ་ཐམ་པར་མཁན་སློབ་དེ་གཉིས་ལས་བསྙེན་པར་རྫོགས། ལྷ་ཟུར་ཁང་པ་དབང་ཕྱུག་ཡེ་ཤེས་ལས་གཞུང་གདམས་ངག་མ་ལུས་པར་གསན་པ་མཛད། ཁྱད་པར་དུ་བློ་སྦྱོང་དོན་བདུན་མ་བཅས་ཡོངས་སུ་གྲགས་པ་དང་མ་གྲགས་པའི་སྙན་བརྒྱུད་དང་། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་གདམས་པ་ཟབ་མོ་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད། སྦས་པ་སྟོན་གཞོན་ལས་ཤེར་ཕྱིན་[1856]དང་། མཁན་པོ་གཞོན་ཚུལ་ལས་འདུལ་བ་བཅས་གསན། དགུང་ལོ་ཉི་ཤུ་རྩ་བདུན་པ་རབ་བྱུང་ལྔ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ 1311 ལོར་ལྷ་ཟུར་ཁང་པ་དབང་ཕྱུག་ཡེ་ཤེས་ཀྱིས་ཁོང་ལ་དུང་རིན་པོ་ཆེ་དང་། འཕེལ་གདུང་། ཤཱ་རིའི་བུའི་ལྷུང་བཟེད། ནཱ་རོའི་རུས་རྒྱན། ཇོ་བོ་རྗེའི་ཕྱག་དྲིལ། ཕྱག་རྡོར། པོ་ཏོ་ལ་སོགས་པའི་གཙུག་ལག་ཁང་རྣམས་ཀྱི་ལྡེ་མིག་གཏད་ཅིང་སྤྱིལ་བུའི་དགོན་གྱི་གདན་སར་བསྐོས། ལོ་ངོ་བཞི་བཅུའི་རིང་དུ་གདན་ས་བསྐྱངས་ཤིང་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། སྤྱིལ་བུའི་དགོན་གྱི་མངའ་ཐང་ཡང་ཤིན་ཏུ་དར་ཞིང་རྒྱས་པར་མཛད་ནས་དགུང་ལོ་དྲུག་ཅུ་རྩ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་འཆད་ཁ་གསར་མ་དང་སྤྱིལ་བུའི་དགོན་གྱི་གདན་རབས་དྲུག་པ་ཡིན་ནོ། །

language:
Tibetan