Skip to main content Skip to search
lha min gdon
ID:
T247158
  • ལྷ་མིན་གདོན (Tibetan, Tibetan script, Original)
    • > lha min gdon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lhamin dön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལྷ་མ་ཡིན་ཞེས་པའི་ངེས་ཚིག་ནི་སྔོན་ལྷ་རྣམས་ཀྱིས་རྒྱ་མཚོ་བསྲུབས་པའི་ཚེ་རྒྱ་མཚོའི་ནང་ནས་བུད་མེད་ཤིན་ཏུ་མཛེས་པ་ཞིག་བྱུང་བས་དེ་ལ་ཁྱོད་སུ་ཡིན་ཞེས་དྲིས་པས། ང་ནི་ཆང་ཞེས་བྱ་སྟེ། ང་འཐུངས་ན་མྱོས་པ་དང་བརྒྱལ་བ་དང་དྲེགས་པ་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེས་སྨྲས་པས། ཁ་ཅིག་གིས་འཐུངས་པས་སུ་ར་སྟེ་ལྷ་ཞེས་གྲགས་པ་དང་། ཁ་ཅིག་འཇིགས་ནས་འཐུངས་མ་ནུས་པས་ཨ་སུ་ར་སྟེ་ལྷ་ལས་དམན་པའི་དོན་དུ་ཨ་དགག་སྒྲ་སྦྱར་བས་ལྷ་མ་ཡིན་ཞེས་གྲགས་པས་རི་རབ་ཀྱི་ཁོང་གསེང་དུ་གནས་ཤིང་རྫུ་འཕྲུལ་སོགས་ལྷ་ལས་དམན་པ། ང་རྒྱལ་གྱི་སེམས་དང་ལྡན་པས་རྟག་ཏུ་འཐབ་རྩོད་སོགས་ཁྲོ་གཏུམ་གྱི་བྱ་བ་བྱེད་མཁན་ཞིག་གི་མིང་ཡིན་པས་དེས་གནོད་པ་གཏོང་བའི་ནད་ལ་ལྷ་མིན་གྱི་གདོན་ཞེས་ཟེར་ཏེ། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ལྷ་མིན་གདོན་གྱིས་ཟིན་པ་ནི། ཡོན་པོར་བལྟ་ཞིང་རང་བཞིན་ངན། ལྷ་དང་བླ་མ་བྲམ་ཟེ་དང་། འཇིགས་བྱེད་ཁེངས་ཤིང་དཔའ་བ་དང་། ཁྲོ་ཞིང་རྩོལ་བ་ཆེ་བ་དང་། ང་ནི་དྲག་པོ་ཁྱབ་འཇུག་དང་། སྐེམས་བྱེད་བརྒྱ་བྱིན་ཡིན་ཞེས་བྱ། ཤ་དང་ཆང་ལ་དགར་ཤེས་བྱ། ཞེས་གསུངས་པ་ལྟར་རོ། །

language:
Tibetan