- lha mo bdud rtsi ma
- ID:
- T247163
- ལྷ་མོ་བདུད་རྩི་མ (Tibetan, Tibetan script, Original)
- > lha mo bdud rtsi ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > lhamo dütsi ma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྟོན་པ་སྨན་པའི་རྒྱལ་པོ་ལ་བདུད་རྩིའི་བཅུད་ཨ་རུ་ར་འབུལ་བ་པོ་ལྷ་མོ་འཕྲོག་མའི་མིང་གི་རྣམ་གྲངས་ཤིག་སྟེ། སྟོང་ཆེན་རབ་འཇོམས་ཀྱི་སྨན་བྱིན་རླབས་ཀྱི་ཆོ་གའི་སྐབས་རྒྱལ་ཆེན་བཞིས་ལྷུང་བཟེད་ཕུལ་བའི་བདེན་ཚིག་གི་མཇུག་ཐོག་ཏུ། དེ་བཞིན་ལྷ་མོ་འཕྲོག་མ་ཡིས། ལྷ་རྫས་དགེ་བ་ཨ་རུ་ར། བླངས་ནས་སྟོན་ལ་རབ་ཕུལ་བ། བདུད་རྩི་འདྲ་བའི་སྨན་གྱི་མཆོག བདེན་པའི་ཚིག་ནི་དེ་དག་གིས། ནད་པ་རྣམས་ཀྱི་ནད་སེལ་ཞིང་། ཉེས་པ་ཐམས་ཅད་འཕྲོག་བྱེད་པའི། སྨན་རྣམས་བདུད་རྩིར་འགྱུར་བར་ཤོག ཅེས་གསུངས་པ་ལྟར་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། སྟོན་པ་སྨན་པའི་རྒྱལ་པོའི་སྐུར་བཞེངས་པའི་ལྷུང་བཟེད་འབུལ་བ་པོ་རྒྱལ་ཆེན་བཞི་དང་། ཨ་རུ་ར་འབུལ་བ་པོ་ལྷ་མོ་འཕྲོག་མ་དེ་ཡིན་ལ། བདུད་རྩི་མ་ཞེས་པའང་བདུད་རྩི་འབུལ་བ་པོ་ཡིན་པའི་ཕྱིར་བདུད་རྩི་མ་ཞེས་པ་འབྲེལ་བ་རྒྱུ་མཚན་ཅན་གྱི་མིང་དཔེར་ན་ཆང་འཚོང་མཁན་ལ་ཆང་མ་ཞེས་པ་བཞིན་ཡིན་ནོ། །ཆ་བྱད་ནི་མཆོད་པའི་ལྷ་མོའི་རིགས་བཅུ་དྲུག་གི་ལང་ཚོ་ཅན་མཛེས་ཤིང་ཆགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། ཕྱག་ན་ཨ་རུ་ར་བསྣམས་ནས་འབུལ་བའི་ཚུལ་གྱིས་གུས་པའི་རྣམ་པ་ཞིག་ཅེས་གསུངས་པ་ལྟར་རོ།
- language:
- Tibetan