Skip to main content Skip to search
lha mo'i sgyur rtsal mkhas can ngag dbang blo gros
ID:
T247165
  • ལྷ་མོའི་སྒྱུར་རྩལ་མཁས་ཅན་ངག་དབང་བློ་གྲོས (Tibetan, Tibetan script, Original)
    • > lha mo'i sgyur rtsal mkhas can ngag dbang blo gros (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lhamö gyur tsal khechen ngawang lodrö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ངག་དབང་བློ་གྲོས་ཀྱི་མིང་གཞན་ལ་མ་ཧེ་ཟེར་ཞིང་། རབ་བྱུང་བཅུ་དྲུག་པའི་ས་སྦྲུལ (༡༩༢༩) ལོ་སྟོད་ལུང་བདེ་ཆེན་རྫོང་ཁོངས་སྐྱར་པོ་གོམ་ཚོ་ཞེས་པར་བཙས་པ་དང་། ལོ་བཅུ་གཉིས་ལ་སོན་སྐབས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གྲྭ་པ་བྱས་རྗེས་ཀུན་བདེ་གླིང་གྲྭ་ཚང་དུ་སྒྲིགས་ཞུགས་བྱས། ལོ་བཅོ་བརྒྱད་ལ་སོན་སྐབས་ཀུན་བདེ་གླིང་རྟ་ཚག་སྐུ་ཕྲེང་བཅུ་གཉིས་པས་ངག་དབང་བློ་གྲོས་སོགས་གྲྭ་གཞོན་ཁག་གཅིག་ལ་དེ་སྔའི་སྐྱོར་མོ་ལུང་ལྷ་མོ་བ་ལེང་ཏའི་པའོ་དགེ་རྒན་དུ་བསྟེན་ཏེ་ལྷ་མོའི་འཁྲབ་སྲོལ་སློབ་སྦྱོང་བྱེད་དུ་འཇུག་གནང་སྟབས་འཁྲབ་གཞུང་བློ་འཛིན་གྱིས་གཞུང་བསྲང་རྒྱུ་དང་། འཁྲབ་ཁྱེར། རྣམ་ཐར་གྱི་མགྲིན་གུག་སོགས་གང་ཅིར་སྦྱང་གོམས་ཡག་པོ་བྱུང་། དམངས་གཙོའི་བཅོས་བསྒྱུར་རྗེས་ངག་དབང་བློ་གྲོས་ཞོལ་ལྷ་མོ་ཚོགས་པའི་ནང་དུ་ཞུགས། རིག་གསར་སྐབས་ལྷ་མོ་འཁྲབ་མི་ཆོག་པ་བཟོས་རྐྱེན་ངག་དབང་བློ་གྲོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཛུགས་སྐྲུན་ཀུང་སིའི་རུ་ཁག་བརྒྱད་པའི་འགོ་འཛིན་དང་། དེ་རྗེས་ཞོལ་ཐོན་སྐྱེད་མཉམ་ལས་ཁང་གི་འགོ་འཛིན་གཞོན་པ་བྱས། མི་བཞི་ཤོག་ཁག་གཏོར་རྗེས་ལྷ་མོ་སྐྱར་གསོ་བྱེད་སྐབས་ཞོལ་ལས་ཞོར་ལྷ་མོའི་དགེ་རྒན་གྲུབ་ཆུང་ལགས་དང་མཉམ་དུ་ངག་དབང་བློ་གྲོས་ཀྱིས་ལྷ་མོ་ཚོགས་པ་བསྐྱར་གསོ་བྱས་ཏེ་དགེ་རྒན་བྱས། ལྷ་མོ་འཁྲབ་སྐབས་གཟུགས་པོའི་འཁྲབ་ཁྱེར་དང་། རྣམ་ཐར་མགྲིན་གུག གཞུང་བསྲང་རྒྱུ་སོགས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ལ་འཁྲབ་གཞུང་ནང་གི་མི་སྣ་གཙོ་བོ་འགའ་ཞིག་འཁྲབ་སྟོན་བྱས་ཏེ་རབ་བྱུང་བཅུ་དྲུག་པའི་ཤིང་གླང (༡༩༨༥) ལོར་ལྗོངས་ཡོངས་ཀྱི་རིག་རྩལ་ལྷན་ཚོགས་སྐབས་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། སྔ་རྗེས་སུ་ཀྲུང་གོ་ཟློས་གར་མཁས་ཅན་ལྷན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཀྲུའུ་ཞི་གཞོན་པ་དང་། གྲོང་ཁྱེར་ལྷ་ས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ཀྱི་ལྷ་མོའི་སྒྱུ་རྩལ་མཁས་ཅན་བཅས་ཀྱི་མཚན་སྙན་ཡང་ཐོབ། རབ་བྱུང་བདུན་པའི་ཆུ་བྱ (༡༩༩༣) ལོར་འདས།ꪤ

language:
Tibetan