- lha btsun sprul sku blo bzang thub bstan
- ID:
- T247169
- ལྷ་བཙུན་སྤྲུལ་སྐུ་བློ་བཟང་ཐུབ་བསྟན (Tibetan, Tibetan script, Original)
- > lha btsun sprul sku blo bzang thub bstan (Tibetan, Latin script, Transliteration-THL Extended Wylie Transliteration)
- > lha tsün tulku lo zang tubten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལྷ་བཙུན་བློ་བཟང་ཐུབ་བསྟན་དགེ་ལེགས་རབ་རྒྱས་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ལུག (༡༨༨༣) ལོར་སྟག་རྩེ་རྫོང་ཁོངས་ཐང་དཀར་གྲོང་ཚོའི་ཉེ་འགྲམ་དུ་སྐུ་འཁྲུངས་ཤིང་མགྲོན་ཆེ་བསྟན་པ་དར་རྒྱས་དང་སྐུ་མཆེད་ཡིན། སེར་སྨད་གཞུང་པ་ལྷ་བཙུན་སྤྲུལ་སྐུའི་སྐྱེར་ངོས་འཛིན་ཐོག་ཆོས་ཞུགས་ཀྱིས་སེ་ར་ཆོས་ཚོགས་ཆེན་པོ་སྤྲུལ་སྐུའི་ཐོབ་ཐང་བཞེས་ཏེ་སྐུ་ཡོན་གསན་བཞེས་དང་། མཚན་རྟགས་སོགས་གནང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་། སྟག་བྲག་ངག་དབང་གསུང་རབ་སོགས་ལས་གསུང་ཆོས་མང་དུ་གསན་ཞིང་ཁོང་རྣམ་གཉིས་བླ་མའི་གཙོ་བོར་མཛད་པ་དང་། པཎ་ཆེན་སྐུ་ཕྲེང་དགུ་པ་སོགས་བླ་མ་མང་པོ་བསྟེན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཆིབས་ཞབས་སུ་སོག་ཡུལ་དང་། རྒྱ་ནག་ཏུ་ཕེབས། ཕྱི་སོག་གི་དགའ་ལྡན་ཐེག་ཆེན་གླིང་དུ་ཡུན་རིང་བཞུགས་ནས་དེ་གའི་ཁྲི་བ་མཛད་པ་དང་། རིག་གནས་གསར་བརྗེ་ཟེར་བའི་ནང་ཁོང་ལ་རྡུང་རྡེག་ཕོག་ཅིང་རབ་བྱུང་བཅུ་དྲུག་པའི་མེ་ལུག (༡༩༦༧) ལོར་དགུང་གྲངས་བརྒྱད་ཅུ་གྱ་ལྔའི་སྟེང་སྐུ་གཤེགས། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས་མི་རིགས་དང་ཆོས་ལུགས། འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དོན་འཁྱོལ་བྱེད་སྐབས་སྲིད་གཞུང་ནས་ཁོང་ལ་དག་སེལ་དང་འབྲེལ་མྱ་ངན་གྱི་ཚོགས་འདུ་ཡང་འཚོགས་སོ། །
- language:
- Tibetan