- lha btsun blo bzang bstan 'dzin
- ID:
- T247170
- ལྷ་བཙུན་བློ་བཟང་བསྟན་འཛིན (Tibetan, Tibetan script, Original)
- > lha btsun blo bzang bstan 'dzin (Tibetan, Latin script, Transliteration-THL Extended Wylie Transliteration)
- > lha tsün lo zang tendzin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བཅུ་གཅིག་པའི་ས་ཡོས (༡༦༣༩) ལོར་སོག་པོའི་དཔོན་རིགས་ཀྱི་དུད་ཚང་ཞི་ཏུ་འཁྲུངས། དགུང་ལོ་ལྔ་ཐོག་ནམ་མཁའ་བསོད་ནམས་གྲགས་པའི་མདུན་དབང་ཞུས། མཚན་ཆོས་ཀྱི་རྡོ་རྗེ་གསོལ། དགུང་ལོ་དྲུག་པར་རྗེ་བློ་བཟང་ཡར་འཕེལ་བསྟེན་ནས་ཀློག་དང་སྦྱོར་སྡེབ་བློ་འཛིན་གནང་། དགུང་ལོ་བདུན་ལ་བློ་བཟང་ཡར་འཕེལ་དྲུང་དགེ་བསྙེན་བསྒྲུབས། མཚན་བློ་བཟང་བསྟན་འཛིན་རྒྱལ་མཚན་ཞེས་གསོལ། སྐབས་དེར་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་རྗེ་འདི་ཉིད་གྲུབ་ཆེན་རྗེ་དཔོན་ལེགས་ཚོགས་ལྷུན་གྲུབ་ཀྱི་སྐུ་སྐྱེར་ངོས་འཛིན་མཛད། དེ་ནས་ཆོས་རྒྱལ་འཕྲིན་ལས་རྒྱ་མཚོ་བླ་མར་བསྟེན་ནས་དབང་ལུང་ཁྲིད་སོགས་གསན། འཕན་ཡུལ་སྨན་པ་ཀུན་དགའ་བྱང་ཆུབ་ས་ནས་གསོ་རིག་དང། སྐར་རྩིས། སོག་ཡིག་སོགས་གསན་བཞེས་གནང་། དེ་རྗེས་དབུས་གཙང་དུ་ཕེབས། འབྲས་སྤུངས་སུ་རྒྱལ་དབང་ལྔ་པ་དང་མཇལ་ཏེ་འཇིགས་བྱེད་སོགས་ཀྱི་ཆོས་གསན། ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་ཁག་ལ་གནས་མཇལ་མཛད། བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པ་དང་མཇལ། བཀྲས་ལྷུན་རྒྱུད་པ་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་གསང་སྔགས་ཀྱི་གཞུང་ལ་གསན་སྦྱོང་མཛད། དགུང་ལོ་ཉི་ཤུ་པར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་དུ་བསྙེན་རྫོགས་བསྒྲུབས། དེ་ནས་སོག་ཡུལ་དུ་ཕེབས་ཏེ་དགོན་གསར་བཀྲ་ཤིས་དགེ་འཕེལ་གླིང་དུ་བཞུགས། མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱི་གསུང་འབུམ་ལས་གསོལ་འདེབས་སོགས་ཐོར་བུའི་སྐོརརྡོ་རྗེ་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་ངག་འདོན་དུ་བྱ་བའི་རིམ་པ》 གཏོར་ཆེན་དྲུག་ཅུ་པའི་ལག་ལེན་ངག་འདོན་གསལ་བར་བཀོད་པ་གནམ་ལྕགས་སྤུ་གྲི》 རྗེས་གནང་གི་སྐོར》 རྗེ་བཙུན་སྒྲོལ་མའི་ཆོ་ག་འཆི་མེད་བདུད་རྩི》ཞེས་བྱ་བ། རྩིས་གཞུང་བླང་དོར་གསལ་བའི་འོད་ཟེར》དེའི་བདག་འཇུག་བཀྲ་ཤིས་དང་བཅས་པ་སོགས་བསྟན་བཅོས་པོད་འགའ་ཞིག་ལྗགས་རྩོམ་མཛད། དགུང་གྲངས་ལྔ་བཅུ་རྩ་གྲངས་ཏེ་རབ་བྱུང་བཅུ་གཉིས་པའི་འགོ་ཙམ་དུ་སྐུ་གཤེགས།
- language:
- Tibetan