- lha rin chen mtsho
- ID:
- T247192
- ལྷ་རིན་ཆེན་མཚོ (Tibetan, Tibetan script, Original)
- > lha rin chen mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > lha rinchen tso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྨད་ཀྱི་ལྡེ་གསུམ་གྱི་ཡ་གྱལ་དཔལ་ལྡེའི་རྒྱུད་པ། འདི་ནི་སྐྱོབ་པ་ལྡེ་ལ་སྲས་གཅིག་དང་སྲས་མོ་གསུམ་བྱུང་བའི་ཆུང་ཤོས་ཡིན། རང་གི་གཅེན་ནམ་གཅུང་མགོན་པོ་ལྡེ་ཡེ་ཚེའི་དམག་གིས་བཀྲོངས་རྗེས་རྒྱལ་སྲིད་ཀྱི་བྱ་བ་ནི་ནེ་ནེ་ཆུང་ཤོས་བཙུན་མར་བཞུགས་པ་ལྷ་རིན་ཆེན་མཚོ་ཡིས་མཛད། ཁོང་ནི་དགྲ་གཉེན་ལ་ངར་ཐོན་ཞིང་བློ་གྲོས་ཀྱི་ལང་ཚོ་བརྟས་པ་ཞིག་ཡོད། ཁོང་གིས་རང་གི་གཅེན་མོ་ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་བཙུན་མོའི་གྲས་སུ་ཡོད་པས་ས་སྐྱར་ཕྱག་རྟེན་བཏང་ཞིང་འཕྲིན་ལས་བཅོལ་ནས་དམག་ཁྱེར་ཆེན་པོས་ཡེ་ཚེའི་ཕྱོགས་ལ་དགྲ་ཤ་ཕྱིར་མི་མང་དུ་བསད། དེའི་སྡིག་སྦྱོང་ལ་ཁབ་གོང་གི་ལྷ་ཁང་དམར་པོ་དང་། འོར་གནས་གསར་གྱི་ལྷ་ཁང་དང་། དེ་དག་ཏུ་ཀ་ཎི་ཆེན་པོ་རེ་རེ། གཞན་ཡང་མཆོད་རྟེན་ཕྲ་མོ་མང་དུ་བརྩེགས། ཆོས་མཁར་དུ་རྒྱད་བརྟག་གཉིས་དང་། འོམ་ཕུག་ཏུ་གསང་རྙིང་གི་བཤད་སྒྲ་བཙུགས། སྒོས་གཞིས་གདུང་ཕུག་ཏུ་མཛད་དེ་དེར་མདོ་མང་གླེགས་བམ་བཞི་བཅུ་བཞེངས་ཤིང་གསུང་སྒྲོག་ན་མར་བཙུགས་པ་དང། ཚེ་སྨད་ཐུགས་དམ་ལ་རྩེ་གཅིག་ཏུ་གཞོལ་བ་སོགས་བུད་མེད་གཅིག་ལ་ཡ་རབས་ཀྱི་དཔེར་འོས་པ་བྱུང།
- language:
- Tibetan
2. Thupten Phuntsok Dictionary
སྨད་ཀྱི་ལྡེ་གསུམ་གྱི་ཡ་གྱལ་དཔལ་ལྡེའི་རྒྱུད་པ། འདི་ནི་སྐྱོབ་པ་ལྡེ་ལ་སྲས་གཅིག་དང་སྲས་མོ་གསུམ་བྱུང་བའི་ཆུང་ཤོས་ཡིན། རང་གི་གཅེན་ནམ་གཅུང་མགོན་པོ་ལྡེ་ཡེ་ཚེའི་དམག་གིས་བཀྲོངས་རྗེས་རྒྱལ་སྲིད་ཀྱི་བྱ་བ་ནི་ནེ་ནེ་ཆུང་ཤོས་བཙུན་མར་བཞུགས་པ་ལྷ་རིན་ཆེན་མཚོ་ཡིས་མཛད། ཁོང་ནི་དགྲ་གཉེན་ལ་ངར་ཐོན་ཞིང་བློ་གྲོས་ཀྱི་ལང་ཚོ་བརྟས་པ་ཞིག་ཡོད། ཁོང་གིས་རང་གི་གཅེན་མོ་ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་བཙུན་མོའི་གྲས་སུ་ཡོད་པས་ས་སྐྱར་ཕྱག་རྟེན་བཏང་ཞིང་འཕྲིན་ལས་བཅོལ་ནས་དམག་ཁྱེར་ཆེན་པོས་ཡེ་ཚེའི་ཕྱོགས་ལ་དགྲ་ཤ་ལེན་ཕྱིར་མི་མང་བསད། དེའི་སྡིག་སྦྱོང་ལ་ཁབ་གོང་གི་ལྷ་ཁང་དམར་པོ་དང་། འོར་གནས་གསར་གྱི་ལྷ་ཁང་དང་། དེ་དག་ཏུ་ཀ་ཎི་ཆེན་པོ་རེ་རེ། གཞན་ཡང་མཆོད་རྟེན་ཕྲ་མོ་མང་དུ་བརྩེགས། ཆོས་མཁར་དུ་རྒྱུད་བརྟག་གཉིས་དང་། འོམ་ཕུག་ཏུ་རྒྱུད་གསང་རྙིང་གི་བཤད་སྒྲ་བཙུགས། སྒོས་གཞིས་གདུང་ཕུག་ཏུ་མཛད་དེ་དེར་མདོ་མང་གླེགས་བམ་བཞི་བཅུ་བཞེངས་ཤིང་གསུང་སྒྲོག་ན་མར་བཙུགས་པ་དང་། ཚེ་སྨད་ཐུགས་དམ་ལ་རྩེ་གཅིག་ཏུ་གཞོལ་བ་སོགས་བུད་མེད་གཅིག་ལ་ཡ་རབས་ཀྱི་དཔེར་འོས་པ་བྱུང་།
- language:
- Tibetan