- lha sa'i dkor gnyer
- ID:
- T247204
- ལྷ་སའི་དཀོར་གཉེར (Tibetan, Tibetan script, Original)
- > lha sa'i dkor gnyer (Tibetan, Latin script, Transliteration-THL Extended Wylie Transliteration)
- > lhasé kor nyer (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དཀོར་གཉེར་དང་སྐུ་གཉེར་ཡི་གེ་འབྲི་སྟངས་མི་འདྲ་བ་ལས་དོན་དུ་གཙུག་ལག་ཁང་དང་ལྷ་ཁང་གི་སྐུ་གསུང་ཐུགས་རྟེན་དང་དངོས་རིགས་བདག་གཉེར་བྱེད་མཁན་ཡིན། དེ་སྔ་ལྷ་ས་གཙུག་ལག་ཁང་གི་དཀོར་གཉེར་དཔོན་ལེགས་པའི་ཤེས་རབ་ཞུ་བ་མཚན་སྙན་ཆེ་ཙམ་ཞིག་བྱུང་ཞིང་། མཁས་པ་འགའ་ཞིག་གིསརྒྱལ་རབས་གསལ་བའི་མེ་ལོང》ཡང་ཁོང་གིས་བརྩམས་པ་ཞིག་ལས་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་མིན་ཞེས་གསུང་མཁན་ཡང་ཡོད། ཀློང་རྡོལ་བླ་མ་རིན་པོ་ཆེསརྒྱལ་རབས་གསལ་བའི་མེ་ལོང》ནི་འབྲས་སྤུངས་སྒོ་མང་གཞུ་ཁང་པ་ལེགས་པའི་ཤེས་རབ་ཀྱིས་བརྩམས་པ་ཡིན་ཞེས་གསུངས་འདུག
- language:
- Tibetan