- lhag pa'i sbyor ba
- ID:
- T247226
- ལྷག་པའི་སྦྱོར་བ (Tibetan, Tibetan script, Original)
- > lhag pa'i sbyor ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > lhakpé jorwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྟོངས་ཚད་ལྟ་བུ་སྟོབས་ཆུང་གི་ཚ་བ་ལ་སྟོབས་ཆེན་གྱི་བཅོས་བྱེད་པ་ལྟ་བུ་ལ་ཟེར་ཏེ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། ལྷག་པ་དང་ནི་ཆད་པ་ཡིས། སྟོབས་ཉམས་ལུས་ནི་འཇིག་པར་བྱེད། ཅེས་གསུངས་པ་དང་། བྱང་པ་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་འཚོ་བྱེད་རྣམས་ལ་སྙིང་ནས་བརྩེ་བའི་མན་ངག་འཕྲུལ་གྱི་ཡིག་ཆུང་ལས། སྟོབས་ཆུང་ནད་ལ་གཉེན་པོ་ཆེས་ན་ལྷག ཅེས་གསུངས་པ་ལྟར་རོ། །
- language:
- Tibetan