- lhan cig tu 'grogs pa'i 'bras bu
- ID:
- T247241
- ལྷན་ཅིག་ཏུ་འགྲོགས་པའི་འབྲས་བུ (Tibetan, Tibetan script, Original)
- > lhan cig tu 'grogs pa'i 'bras bu (Tibetan, Latin script, Transliteration-THL Extended Wylie Transliteration)
- > lhenchik tu drokpé drebu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྐར་རྩིས་ཀྱི་གཞུང་ལས། རེས་གཟའ་བདུན་པོ་དེ་གཡོན་བསྐོར་དང། རྒྱུ་སྐར་ཉེད་བདུན་པོ་རླུང་འགྲོས་ཀྱིས་གཡས་བསྐོར་དུ་བགྲོད་པ་ལྷན་ཅིག་ཏུ་འཛོམས་པ་ན་འབྲས་བུ་བཟང་ངན་སྣ་ཚོགས་འབྱུང་བར་བཤད་ཅིང། དཔེར་ན། སྨན་རྩིས་ཁང་གིས་སྔ་ལོ་ལྕགས་བྱ་ལོའི་གནམ་དཔྱད་འབྲས་བཤད་མདོར་བསྡུས་བྲིས་པའི་ནང། གཟའ་བདུན་སོ་སོས་ལོ་གཅིག་རིང་འབྱུང་འགྲོས་དང་འཁྱོག་འགྲོས་ཀྱི་ཁྱད་པར་མ་བརྟེན་ནས་ཟླ་བ་སོ་སོར་ཆར་ཞོད་ཆེ་ཆུང་དང་རླུང་ཤུགས། ཐན་པ། སེར་བ་སོགས་ཡོད་མེད་དང། ལོ་ཐོག་སྐྱེས་བཟང་ངན་སོགས་གསལ་བཤད་བྱས་པ་ལྟ་བུ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
སྐར་རྩིས་ཀྱི་གཞུང་ལས། རེས་གཟའ་བདུན་པོ་དེ་གཡོན་བསྐོར་དང་། རྒྱུ་སྐར་ཉེར་བདུན་པོ་རླུང་འགྲོས་ཀྱིས་གཡས་བསྐོར་དུ་བགྲོད་པ་ལྷན་ཅིག་ཏུ་འཛོམས་པ་ན་འབྲས་བུ་བཟང་ངན་སྣ་ཚོགས་འབྱུང་བར་བཤད་ཅིང་། དཔེར་ན། སྨན་རྩིས་ཁང་གིས་སྔ་ལོ་ལྕགས་བྱ་ལོའི་གནམ་དཔྱད་འབྲས་བཤད་མདོར་བསྡུས་བྲིས་པའི་ནང་། གཟའ་བདུན་སོ་སོས་ལོ་གཅིག་རིང་འབྱུང་འགྲོས་དང་འཁྱོག་འགྲོས་ཀྱི་ཁྱད་པར་ལ་བརྟེན་ནས་ཟླ་བ་སོ་སོར་ཆར་ཞོད་ཆེ་ཆུང་དང་རླུང་ཤུགས། ཐན་པ། ཁ་བ། སེར་བ་སོགས་ཡོད་མེད་དང་། ལོ་ཐོག་སྐྱེས་བཟང་ངན་སོགས་གསལ་བཤད་བྱས་པ་ལྟ་བུ་ཡིན།
- language:
- Tibetan