Skip to main content Skip to search
lhu chen bcu gnyis
ID:
T247271
  • ལྷུ་ཆེན་བཅུ་གཉིས (Tibetan, Tibetan script, Original)
    • > lhu chen bcu gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lhu chen chunyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལྷུ་ཞེས་དུམ་བུའི་མིང་ཡིན་པས་དཔེར་ན་གྲུ་མོ་ནས་མཁྲིག་མའི་བར་དང་། པུས་མོ་ནས་ལོང་བུའི་བར་ལྟ་བུ་རུས་པའི་ལྷུ་དུམ་བཅུ་གཉིས་ལ་ཟེར་ཏེ། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ལས། ལག་མགོ་གཉིས་དང་རྗེ་ངར་གཉིས། དཔུང་རྐང་གཉིས་བཅས་ལག་པར་དྲུག རྐང་མགོ་གཉིས་དང་རྗེ་ངར་གཉིས། བླ་རྐང་གཉིས་བཅས་རྐང་པར་དྲུག བསྡོམས་པས་ལྷུ་ཆེན་བཅུ་གཉིས་སོ། ཞེས་གསུངས་པ་ལྟར་རོ།

language:
Tibetan