- lhun grub mkhar shul
- ID:
- T247276
- ལྷུན་གྲུབ་མཁར་ཤུལ (Tibetan, Tibetan script, Original)
- > lhun grub mkhar shul (Tibetan, Latin script, Transliteration-THL Extended Wylie Transliteration)
- > lhündrub khar shul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔའི་ལྷུན་གྲུབ་རྫོང་གནས་ཡུལ་རི་སྟེང་གི་མཁར་ཤུལ་དེ་རབ་བྱུང་འཅུ་དྲུག་པའི་ས་ཕག(༡༩༥༩)ལོ་ཡན་དེ་སྔའི་བོད་ས་གནས་སྲིད་གཞུང་གི་ལྷུན་གྲུབ་རྫོང་གནས་ཡུལ་ཡིན་པ་དང། ཐོག་བརྩེགས་དགུ་ལྡན་གྱི་མཁར་དབུས་དམར་པོ་དང། མཐའ་སྐོར་དཀར་པོ། མཐར་གྱང་གི་ལྕགས་རི་ཆེན་པོ་ཞིག་བཅས་ཡོད་དེ་ལོ་རྒྱུས་ཡུན་རིང་ལྡན་ལ། རྒྱབ་ཕྱོགས་ཀྱི་རྟ་ལམ་དང་ཉེ་འགྲམ་གྱི་ཆུ་མིག་མ་བཅོས་ལྷུན་གྱིས་གྲུབ་པ། ཕག་གྲུའི་དབང་བསྒྱུར་དང། སྟག་ལུང་པས་འཕན་ཡུལ་འཛིན་སྐྱོང། དགའ་ལྡན་ཕོ་བྲང་གི་དབང་བསྒྱུར་བཅས་གང་གི་དུས་སུ་ཡང་དེ་གར་གནས་གཞི་བྱས་ནས་འཛུགས་སྐྲུན་རྒྱ་བསྐྱེད་དང་ཉམས་གསོ་ཐེངས་འགའ་ཤས་བྱས་ཐོག་རིག་དངོས་འབོར་ཆེན་ཡང་ཡོད་འདུག དམངས་གཙོའི་བཅོས་བསྒྱུར་སྐབས་ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་འཛུགས་རྒྱུའི་ལས་དོན་ཡང་དེ་གར་བྱས། རིག་གསར་སྐབས་ཕྱི་ནང་ཚང་མ་གཏོར་བར་བརྟེན་ད་ལྟ་གྱང་ཤུལ་ཞིག་མཐོང་རྒྱུ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔའི་ལྷུན་གྲུབ་རྫོང་གནས་ཡུལ་རི་སྟེང་གི་མཁར་ཤུལ་དེ་རབ་བྱུང་བཅུ་དྲུག་པའི་ས་ཕག (༡༩༥༩) ལོ་ཡན་དེ་སྔའི་བོད་ས་གནས་སྲིད་གཞུང་གི་ལྷུན་གྲུབ་རྫོང་གནས་ཡུལ་ཡིན་པ་དང་། ཐོག་བརྩེགས་དགུ་ལྡན་གྱི་མཁར་དབུས་དམར་པོ་དང་། མཐའ་སྐོར་དཀར་པོ། མཐར་གྱང་གི་ལྕགས་རི་ཆེན་པོ་ཞིག་བཅས་ཡོད་པ་དེ་ལོ་རྒྱུས་ཡུན་རིང་ལྡན་ལ། རྒྱབ་ཕྱོགས་ཀྱི་རྟ་ལམ་དང་ཉེ་འགྲམ་གྱི་ཆུ་མིག་མ་བཅོས་ལྷུན་གྱི་གྲུབ་པ། ཕག་གྲུའི་དབང་བསྒྱུར་དང་། སྟག་ལུང་པས་འཕན་ཡུལ་འཛིན་སྐྱོང་། དགའ་ལྡན་ཕོ་བྲང་གི་དབང་བསྒྱུར་བཅས་གང་གི་དུས་སུ་ཡང་དེ་གར་གནས་གཞི་བྱས་ནས་འཛུགས་སྐྲུན་རྒྱ་བསྐྱེད་དང་ཉམས་གསོ་ཐེངས་འགའ་ཤས་བྱས་ཐོག་རིག་དངོས་འབོར་ཆེན་ཡང་ཡོད་འདུག དམངས་གཙོའི་བཅོས་བསྒྱུར་སྐབས་ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་འཛུགས་རྒྱུའི་ལས་དོན་ཡང་དེ་གར་བྱས། རིག་གསར་སྐབས་ཕྱི་ནང་ཚང་མ་གཏོར་བར་བརྟེན་ད་ལྟ་གྱང་ཤུལ་ཞིག་མཐོང་རྒྱུ་ཡོད།
- language:
- Tibetan