Skip to main content Skip to search
lho spyi
ID:
T247292
  • ལྷོ་སྤྱི (Tibetan, Tibetan script, Original)
    • > lho spyi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lho chi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་ནི་བོད་ས་གནས་སྲིད་གཞུང་སྐབས་ལྷོ་ཁ་ཁུལ་གྱི་ས་གནས་སྲིད་འཛིན་ལས་ཁུངས་སྟེ་ལྷོ་ཁ་སྤྱི་ཁྱབ་ཅེས་གནས་ཡུལ་རྩེད་ཐང་དུ་ཡིན་ཞིང། རབ་བྱུང་བཅོ་ལྔ་པ་འི་མེ་སྦྲུལ(༡༩༡༧)ལོ་ནས་བཟུང་ལྷོ་སྤྱི་མཁན་ཆེ་གཅིག་བསྐོ་གཞག་བྱས་པ་དེའི་ལས་དོན་བྱེད་ཕྱོགས་གཞིས་རྩེ་སྤྱི་རྫོང་དང་འདྲ་མཚུངས་ཡིན་པ་དང། དེའི་མངའ་ཞབས་སུ་སྣེ་གདོང་དང། འཕྱོངས་རྒྱས། གོང་དཀར། དོ་བོ་སེང་གེ། བསམ་ཡས། ཟངས་རི། འོལ་དགའ། མོན་རྟ་དབང་ལ་སོགས་པའི་རྫོང་གཞིས་ཁག་ཡོད།

language:
Tibetan

2. Thupten Phuntsok Dictionary

དེ་ནི་བོད་ས་གནས་སྲིད་གཞུང་སྐབས་ལྷོ་ཁ་ཁུལ་གྱི་ས་གནས་སྲིད་འཛིན་ལས་ཁུངས་སྟེ་ཁ་སྤྱི་ཁྱབ་ཅེས་གནས་ཡུལ་རྩེད་ཐང་དུ་ཡིན་ཞིང་། རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ (༡༩༡༧) ལོ་ནས་བཟུང་ལྷོ་སྤྱི་མཁན་ཆེ་གཅིག་བསྐོ་གཞག་བྱས་པ་དེའི་ལས་དོན་བྱེད་ཕྱོགས་གཞིས་རྩེ་སྤྱི་རྫོང་དང་འདྲ་མཚུངས་ཡིན་པ་དང་། དེའི་མངའ་ཞབས་སུ་སྣེ་གདོང་དང་། འཕྱོངས་རྒྱས། གོང་དཀར། དོ་བོ་སེང་གེ། བསམ་ཡས། ཟངས་རི། འོལ་དགའ། མོན་རྟ་དབང་ལ་སོགས་པའི་རྫོང་གཞིས་ཁག་ཡོད།

language:
Tibetan