Skip to main content Skip to search
lho brag bstan 'dzin nor bu
ID:
T247299
  • ལྷོ་བྲག་བསྟན་འཛིན་ནོར་བུ (Tibetan, Tibetan script, Original)
    • > lho brag bstan 'dzin nor bu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lho drak tendzin norbu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཞེས་པ་ནི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཡས་མས་ལ་ལྷོ་བྲག་ཏུ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་དང་རིག་གནས་སྤྱི་ལ་ཐུགས་གཞོལ། ལྷག་པར་དུ་རི་མོ་སྦྱོང་བར་འབད་པ་མཛད་པས་རི་མོར་མངའ་བརྙེས་ཏེ་མཁས་པའི་གྲགས་པ་རྒྱས། ཕོ་བྲང་པོ་ཏ་ལ་རྒྱས་སྐྲུན་མཛད་སྐབས་གདན་དྲངས་ཏེ་ཚོན་རྩི་ལྡེབས་རིས་ཀྱི་དབུ་ཆེན་མོའི་ཐུགས་འགན་བཞེས། ཕྱོགས་མཚུངས་གསོ་རིག་རྒྱུད་བཞིའི་དགོངས་དོན་རི་མོའི་ལམ་དུ་བཀོད་པའི་སྨན་ཐང་བརྒྱད་ཅུའི་སྐྱ་རིས་རྣམས་དང་མཉམ་དུ་དུར་ཁྲོད་དུ་ཕེབས་ནས་མི་རོ་གཤགས་བཅོས་བྱས་ཏེ་དོན་ལྔ་སྣོད་དྲུག་སོགས་དངོས་བྲིས་མཛད་ཡོད་པའོ།

language:
Tibetan