- ar byang chub ye shes
- ID:
- T247523
- ཨར་བྱང་ཆུབ་ཡེ་ཤེས (Tibetan, Tibetan script, Original)
- > ar byang chub ye shes (Tibetan, Latin script, Transliteration-THL Extended Wylie Transliteration)
- > ar changchub yeshe (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས)སྣར་ཐང་གི་བཀའ་འགྱུར་དང་བསྟན་འགྱུར་ཐོག་མར་གསར་སྒྲིག་བྱེད་སྐབས་བཅོམ་ལྡན་རལ་གྲི་དང་། རྒྱང་རོ་སངས་རྒྱས་འབུམ་བཅས་དང་མཉམ་དུ་ཞུས་དག་མཛད་མཁན་དེ་ཡིན། དམ་པ་འདིས་རབས་བྱུང་གཉིས་པའི་ཤིང་བྱི(༡༡༤༤)ལོ་ནས་ལོ་གཅིག་རིང་རྒྱལ་ལྷ་ཁང་གི་གདན་ས་མཛད་པར་གསུངས། རབ་བྱུང་གཉིས་པའི་ཤིང་སྟག(༡༡༣༤)ལོར་ཕག་མོ་གྲུ་པ་བསྙེན་རྫོགས་གནང་སྐབས་དམ་པ་འདིས་གསང་སྟོན་མཛད་པར་ཕག་གྲུའི་རྣམ་ཐར་ལས་གསལ་བ་དང་རྔོག་ལོ་བློ་ལྡན་ཤེས་རབ(རབ་བྱུང་དང་པོའི་ས་ཕག(༡༠༥༩)ལོ་ནས་རབ་བྱུང་གཉིས་པའི་ས་གླང(༡༡༠༩)ལོ་བར)ཀྱི་སློབ་མ་ཡིན་པ་བཅས་གཞིར་བཟུང་ནས་བརྟག་སྐབས། དམ་པ་འདི་རྒྱལ་ལྷ་ཁང་གི་གདན་ས་མཛད་སྐབས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སྐུ་གཤེགས་ནས་ལོ་སུམ་ཅུ་སོ་ལྔ་སོང་ཟིན་པ་ར་འཕྲོད་ཅིང་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱི་བླ་མ་མཆིམས་ནམ་མཁའ་གྲགས་ནི་རབ་བྱུང་བཞི་པའི་མེ་སྟག(༡༢༦༦)ལོར་གཞི་ནས་འཁྲུངས་པས་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་རྒྱལ་ལྷ་ཁང་གི་གདན་ས་མཛད་པའི་ལོ་རབ་བྱུང་གཉིས་པའི་ཤིང་བྱི(༡༡༤༤)ལོ་ནས་མཆིམས་ནམ་མཁའ་གྲགས་འཁྲུངས་ལོ་རབ་བྱུང་བཞི་པའི་མེ་སྟག(༡༢༦༦)ལོ་བར་ལོ་གྲངས་བརྒྱ་དང་ཉི་ཤུ་རྩ་གསུམ་ཡོད་པས་མི་འགྲིག་པར་སྣང་།
- language:
- Tibetan
2. Thupten Phuntsok Dictionary
(དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས) སྣར་ཐང་གི་བཀའ་འགྱུར་དང་བསྟན་འགྱུར་ཐོག་མར་གསར་སྒྲིག་བྱེད་སྐབས་བཅོམ་ལྡན་རལ་གྲི་དང་། རྒྱང་རོ་སངས་རྒྱས་འབུམ་བཅས་དང་མཉམ་དུ་ཞུས་དག་མཛད་མཁན་དེ་ཡིན། དམ་པ་འདིས་རབ་བྱུང་གཉིས་པའི་ཤིང་བྱི (༡༡༤༤) ལོ་ནས་ལོ་གཅིག་རིང་རྒྱལ་ལྷ་ཁང་གི་གདན་ས་མཛད་པར་གསུངས། རབ་བྱུང་གཉིས་པའི་ཤིང་སྟག (༡༡༣༤) ལོར་ཕག་མོ་གྲུབ་པ་བསྙེན་རྫོགས་གནང་སྐབས་དམ་པ་འདིས་གསང་སྟོན་མཛད་པར་ཕག་གྲུའི་རྣམ་ཐར་ལས་གསལ་བ་དང་རྔོག་ལོ་བློ་ལྡན་ཤེས་རབ (རབ་བྱུང་དང་པོའི་ས་ཕག (༡༠༥༩) ལོ་ནས་རབ་བྱུང་གཉིས་པའི་ས་གླང (༡༡༠༩) ལོ་བར) ཀྱི་སློབ་མ་ཡིན་པ་བཅས་གཞིར་བཟུང་ནས་བརྟག་སྐབས། དམ་པ་འདི་རྒྱལ་ལྷ་ཁང་གི་གདན་ས་མཛད་སྐབས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སྐུ་གཤེགས་ནས་ལོ་སུམ་ཅུ་སོ་ལྔ་སོང་ཟིན་པ་ར་འཕྲོད་ཅིང་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱི་བླ་མ་མཆིམས་ནམ་མཁའ་གྲགས་ནི་རབ་བྱུང་བཞི་པའི་མེ་སྟག (༡༢༦༦) ལོར་གཞི་ནས་འཁྲུངས་པས་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་རྒྱལ་ལྷ་ཁང་གི་གདན་ས་མཛད་པའི་ལོ་རབ་བྱུང་གཉིས་པའི་ཤིང་བྱི (༡༡༤༤) ལོ་ནས་མཆིམས་ནམ་མཁའ་གྲགས་འཁྲུངས་ལོ་རབ་བྱུང་བཞི་པའི་མེ་སྟག (༡༢༦༦) ལོ་བར་ལོ་གྲངས་བརྒྱ་དང་ཉི་ཤུ་རྩ་གསུམ་ཡོད་པས་མི་འགྲིག་པར་སྣང་།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་དུ་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གིས་འབྲེ་ཤེས་རབ་[1919]འབར་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་མཁས་པོ་ཆེན་པོར་གྱུར། རབ་བྱུང་གཉིས་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ 1134 ལོར་བྱ་འདུལ་འཛིན་གྱིས་མཁན་པོ། རྒྱ་དམར་གྱིས་ལས་སློབ། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་གསང་སྟོན་མཛད་ནས་ཕག་མོ་གྲུ་བ་བསྙེར་པར་རྫོགས། རབ་བྱུང་གཉིས་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ 1144 ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ཤིང་དབྱར་ཐོག་གཅིག་གི་རིང་དུ་གདན་ས་བསྐྱངས། དེ་ནས་སྣར་ཐང་གི་བཀའ་འགྱུར་དང་བསྟན་འགྱུར་ཐོག་མར་གསར་བསྒྲིགས་བྱེད་སྐབས་བཅོམ་ལྡན་རིགས་པའི་རལ་གྲི་དང་རྒྱང་རོ་སངས་རྒྱས་འབུམ་དང་མཉམ་གཅིག་ཏུ་ཞུས་དག་མཛད། དེའི་སྐབས་སུ་ཁོང་གི་མཚན་ལ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཞེས་ཞུ། དེ་ནས་ལྷ་སའི་ཉེ་འདབས་སྟོད་ལུང་ཕུ་ལ་ཕེབས་ཏེ་གནམ་རྩེད་ལྡིང་གི་དགོན་པ་གསར་འདེབས་མཛད་ཅིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་། སློབ་དཔོན་འབྲེ་ཤེས་རབ་འབར་གྱི་ཤེར་ཕྱིན་བཤད་རྒྱུན་གཙོ་བོར་བཟུང་ནས་འཆད་ཉན་རྒྱ་ཆེར་མཛད། ཕ་རོལ་ཏུ་ཕྱིན་པའི་མདོ་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ཡང་མང་དུ་མཛད། བོད་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་འཆད་སྐབས་གཙོ་བོ་འབྲེ་ཨར་དགེ་སློབ་གཉིས་ཀྱི་བཤད་རྒྱུན་ལ་བརྟེན་པར་གྲགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྐར་ཆུང་རིང་མོ་གཞོན་ནུ་ཚུལ་ཁྲིམས་ཡིན་ཏེ། དེས《མདོན་རྟོགས་རྒྱན་གྱི་འགྲེལ་བ》དང་། 《སྡུད་པ》ལ་སོགས་པའི་འགྲེལ་བ་[1920]མང་དུ་མཛད་དོ། །
- language:
- Tibetan