- gang gA/
- ID:
- T24754
- གང་གཱ (Tibetan, Tibetan script, Original)
- > gang gA/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > ganga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
Ganga- the great river
- language:
- English
-
1) the river Ganges [issues from the east of lake མ་དྲོས་མཚོ་. 2) Ganga, the queen of དབང་ཕྱུག་
- language:
- English
3. bod rgya tshig mdzod chen mo
[339] ༼ལེགས༽ ཡ་གླིང་གི་ཆུ་བོ་ཆེན་པོ་ཞིག་ཡིན་པ་འདིའི་ཆུ་འགོ་ནི་རང་རྒྱལ་བོད་རང་སྐྱོང་ལྗོངས་ཀྱི་གླང་ཆེན་ཁ་འབབ་ཡིན་ཞིང། རྒྱ་གར་དང་བྷངྒ་ལ་བརྒྱུད་ནས་རྒྱ་མཚོར་འབབ། བོད་ཀྱི་གནས་ཡིག་རྙིང་པའི་ནང་དུ་མཚོ་མ་དྲོས་པའི་ཤར་ཕྱོགས་ནས་དངུལ་གྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་དངུལ་གྱི་བྱེ་མ་འདྲེན་ཞིང་ཆུ་ཕྲན་ལྔ་རྒྱ་དང་བཅས་པ་མཚོ་མ་དྲོས་པ་ལ་གཡས་སུ་བསྐོར་ནས་ཤར་གྱི་རྒྱ་མཚོར་འབབ་ཅེས་གསལ། ... མིང་གི་རྣམ་གྲངས་ལ་སྐལ་ལྡན་ཤིང་རྟའི་བུ་མོ་དང། ཁྱབ་འཇུག་རྐང་པ། གླང་ཆེན་ཁ་འབབ། རྒྱུན་གསུམ་པ། བཅུད་རིང་ཆུ་སྦྱིན་མ། འཆི་མེད་ཆབ། འཇིགས་སྡེའི་མ། མཐོ་རིས་ཀླུང། དྲག་པོའི་ཐོད། ནམ་མཁའི་ཆུ་བོ། ཡན་ལག་བརྒྱད་ལྡན། ལམ་གསུམ་པ། ས་བ་ཀ། གསེར་ལྡན་མ། ལྷའི་ཆུ་བོ་བཅས་སོ།
- language:
- English
4. Thupten Phuntsok Dictionary
〔ལེགས〕རྒྱ་གར་གྱི་ཆུ་བོ་ཆེན་པོ་ཞིག་ཡིན་པ་འདིའི་ཆུ་འགོ་ནི་བོད་ལྗོངས་ཀྱི་གླང་ཆེན་ཁ་འབབ་ཡིན་ཞིང་། རྒྱ་གར་དང་བྷངྒ་ལ་བརྒྱུད་ནས་རྒྱ་མཚོར་འབབ། བོད་ཀྱི་གནས་ཡིག་རྙིང་པའི་ནང་དུ་མཚོ་མ་དྲོས་པའི་ཤར་ཕྱོགས་ནས་དངུལ་གྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་དངུལ་གྱི་བྱེ་མ་འདྲེན་ཞིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་པ་མཚོ་མ་དྲོས་པ་ལ་གཡས་སུ་བསྐོར་ནས་ཤར་གྱི་རྒྱ་མཚོར་འབབ་ཅེས་གསལ། མིང་གི་རྣམ་གྲངས་ལ་སྐལ་ལྡན་ཤིང་རྟའི་བུ་མོ་དང་། ཁྱབ་འཇུག་རྐང་པ། གླང་ཆེན་ཁ་འབབ། རྒྱུན་གསུམ་པ། བཅུད་རིང་ཆུ་སྦྱིན་མ། འཆི་མེད་ཆབ། འཇིགས་སྡེའི་མ། མཐོ་རིས་ཀླུང་། དྲག་པོའི་ཐོད། ནམ་མཁའི་ཆུ་བོ། ཡན་ལག་བརྒྱད་ལྡན། ལམ་གསུམ་པ། ས་བ་ཀ གསེར་ལྡན་མ། ལྷའི་ཆུ་བོ་བཅས་སོ།།
- language:
- Tibetan
5. smon lam tshig mdzod chen mo
རྒྱ་གར་ཕྱེད་གླིང་གི་ཆུ་བོ་ཆེན་པོ་ཞིག་གི་མིང་སྟེ། ཧི་མ་ལ་ཡའི་རི་རྒྱུད་ནས་འབབ་ཅིང་ཤར་ཕྱོགས་སུ་རྒྱ་གར་བྱང་རྒྱུད་འཕྲེད་གཏུབ་བྱས་ནས་བྷང་ག་ལ་མཚོ་ཁུག་ཏུ་རྒྱ་མཚོར་འབབ། ཁྱོན་བསྡོམས་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བདུན་བརྒྱ་ཡོད།
- language:
- Tibetan
6. Lokesh Chandra Tibetan-Sanskrit dictionary
- Sanskrit:
-
- gaṃgā
- gaṃgodaka
7. Negi Tibetan-Sanskrit Dictionary
nā. gaṅgā 1. nadī — ayodhyāyāṃ viharati nadyā gaṅgāyāstīre vi.va.146kha/1.34; mandākinī a.ka.65.45; jāhnavī a.ka.4.24; jahnusutā a.ka.65.16; tridaśāpagā a.ka.65.66 2. = གང་གཱ་མ patradevī — vāyavye tato raudryāḥ pūrvapatrādau gaurī, gaṅgā, nityā, turitā, totalā, lakṣaṇā, piṅgalā, kṛṣṇā vi.pra.41kha/4.32.
- language:
- Sanskrit