Skip to main content Skip to search
er nyi nu'o snang tshul
ID:
T247603
  • ཨེར་ཉི་ནུའོ་སྣང་ཚུལ (Tibetan, Tibetan script, Original)
    • > er nyi nu'o snang tshul (Tibetan, Latin script, Transliteration-THL Extended Wylie Transliteration)
    • > er nyi nu o nang tsul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སི་ཕེན་གྱི་སྐད་དེ་དོན་དུ་ཐུགས་སྲས་ཟེར་བ་ཡིན། ལོ་འགའ་ཨ་མེ་རི་ཀ་གླིང་དཀྱིལ་མའི་ཞི་བདེ་རྒྱ་མཚོ་ཆེན་པོའི་འགྲམ་རྒྱུད་ཀྱི་མཚོ་ཆུའི་དྲོད་ཚད་མཐོ་རུ་སོང་བ་ད་། ཚ་རྒྱུན་གྱིས་ཞི་བདེ་རྒྱ་མཚོའི་ནུབ་མར་རིམ་བཞིན་རྒྱ་བསྐྱེད་ནས་མཚོ་གནས་སྐྱེ་དངོས་དང་ཉ་ཁྱུ། འདབ་ཆགས་འཕོན་ཆེན་འཆི་བ་དང་། སའི་གོ་ལ་ཧྲིལ་པོའི་གནམ་གཤིས་རྒྱུན་གཏན་མ་ཡིན་པར་འགྱུར་ནས་ཐན་པ་ཆེ་བ་དང་། དྲག་ཆར་འབབ་པ། ཆུ་ལོག་བྱུང་བ་སོགས་པའི་རང་བྱུང་གནོད་འཚེ་ཡོང་གི་ཡོད། འཚེ་བ་ཆེ་བའི་གནམ་གཤིས་དེ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་རྗེས་སུ་བྱུང་བས་མིང་དེ་ལྟར་བཏགས་སོ།

language:
Tibetan