Skip to main content Skip to search
gaN+Di/
ID:
T25716
  • གཎྜི (Tibetan, Tibetan script, Original)
    • > gaN+Di/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gandi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[349] དགེ་འདུན་བསྡུ་བའི་བརྡ་སྤྲོད་བྱེད་ཀྱི་ཡོ་བྱད་ཅིག་སྟེ། འདུལ་བ་ལས་བཤད་པའི་ཚད་ལྡན་གྱི་གཎྜི་ནི། རྒྱུ་ཙན་དན་དང། བིལ་བ་དང། པ་ལཱ་ཤ་དང། ཙན་དན་དམར་པོ་དང། སྟར་བུ་དང། འོ་སེ་ལ་སོགས་པས། ཚད་དབྱིབས་སྲིད་དུ་སོར་བརྒྱད་ཅུ་རྩ་བཞི། ཞེང་དུ་སོར་དྲུག་དཔངས་སུ་སོར་གཉིས། ཟུར་བཞིར་བརྒྱད་བཞོགས་སོར་གཉིས་གཉིས་དང་ལྡན་པ། རྩེ་མོ་གཉིས་སྦལ་བའི་མགོ་འདྲ་བའོ། ...

language:
English

2. dung dkar bod rig pa'i tshig mdzod chen mo

ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན་གྱི་སྡེ་ཆེན་པོ་རྣམས་སུ། དགེ་འདུན་འདུ་ཚོགས་ཀྱི་བརྡ་གཏོང་བྱེད། དབྱིབས་ཟུར་བརྒྱད་པ། རིང་ཐུང་འདོམ་གང་ལྷག་ཙམ་བྱས་པ་ལ་རྡུང་བྱེད་སྟན་གཡོག་མགོ་མཇུག་སྦོམ་ཞིང་དཀྱིལ་ཕྲ་བ་ཤིང་གི་རིགས་སྣ་བཅུ་དྲུག་གང་རུང་ལས་བཟོས་པའི་ཡོ་བྱད་ཅིག་གི་མིང་སྟེ། དེའི་རྒྱུ་ནི<<གཎྜིའི་མདོ>>ལས་གསུངས་པ་ལྟར། ༡་ཙན་དན་དཀར་པོ། ༢་བིལ་བ། ༣་པཱ་ལ་ཤ༤ཨ་ཤད་ཐ། ༥ཙན་དན་དམར་པོ། ༦་སྟར་ཁ། ༧་ཏཱ་ལ། ༨ཀེང་ཤུ་ཀ། ༩་ཤཱ་པ། ༡༠ཏཱ་མ་ལ། ༡༡་ཨ་མྲ། ༡༢་སྟར་བུ། ༡༣་སྐྱུ་རུ་ར། ༡༤རིན་ཏི་ས་ར། ༡༥ཨ་ཤོ་ཀ༡༦་འོ་མ་སེ་བཅས་ཡོད་པ། དེ་དག་མ་རྙེད་ན་འོ་མ་སེའི་ཤིང་སྟེ། ཡོངས་གྲགས་སུ་སེང་ལྡེང་དུ་འབོད་པ་དེས་བཟོས་ན་ལེགས་པར་གསུངས།

language:
Tibetan

3. Thupten Phuntsok Dictionary

དགེ་འདུན་འདུས་ཚོགས་ཀྱི་བརྡ་བྱེད་ཀྱི་ཡོ་བྱད་ཅིག་སྟེ། འདུལ་བ་ལས་བཤད་པའི་ཚད་ལྡན་གྱི་གཎྜི་ནི། རྒྱུ་ཙན་དན་དང་། བིལ་བ་དང་། པ་ལཱ་ཤ་དང་། ཙན་དན་དམར་པོ་དང་། སྟར་བུ་དང་། འོ་སེ་ལ་སོགས་པས། ཚད་དབྱིབས་སྲིད་དུ་སོར་བརྒྱད་ཅུ་རྩ་བཞི། ཞེང་དུ་སོར་དྲུག དཔངས་སུ་སོར་གཉིས། ཟུར་བཞིར་བརྒྱད་གཞོགས་སོར་གཉིས་གཉིས་དང་ལྡན་པ། རྩེ་མོ་གཉིས་སྦལ་བའི་མགོ་འདྲ་བའོ། །

language:
Tibetan

4. smon lam tshig mdzod chen mo

དགེ་འདུན་བསྡུ་བའི་བརྡ་སྤྲོད་བྱེད་ཀྱི་ཡོ་བྱད་ཅིག་འདུལ་བ་ལས་བཤད་པའི་ཚད་ལྡན་གྱི་གཎྜི་ནི། རྒྱུ་ཙན་དན་དང༌། བིལ་བ་དང༌། པ་ལཱ་ཤ་དང༌། ཙན་དན་དམར་པོ་དང༌། སྟར་བུ་དང༌། འོ་སེ་ལ་སོགས་པས། ཚད་དབྱིབས་སྲིད་དུ་སོར་བརྒྱད་ཅུ་རྩ་བཞི། ཞེང་དུ་སོར་དྲུག་དཔངས་སུ་སོར་གཉིས། ཟུར་བཞིར་བརྒྱད་བཞོགས་སོར་གཉིས་གཉིས་དང་ལྡན་པ། རྩེ་མོ་གཉིས་སྦལ་བའི་མགོ་འདྲ་བའོ། །

language:
Tibetan