- gu shri/
- ID:
- T26225
- གུ་ཤྲི (Tibetan, Tibetan script, Original)
- > gu shri/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gushri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
(国师)དེ་སྔོན་རང་རྒྱལ་གྱི་ཡོན་རྒྱལ་རབས་སྐབས་གོང་མ་ཧུ་པི་ལེས་རབ་བྱུང་བཞི་པའི་ལྕགས་སྤྲེལ་(༡༢༦༠)ལོར་སྲིད་དབང་བཟུང་བ་ནས་ས་སྐྱའི་བླ་ཆེན་རིམ་བྱོན་ལ་གུ་ཤི་དང༌། ཏི་ཤྲིའི(帝师)གོ་གནས་གནང་ཞིང༌། གོ་གནས་དེ་གཉིས་རྒྱལ་པོའི་བླ་མར་བཀུར་བ་རྣམས་ལ་དམིགས་བསལ་གྱིས་གནང་བ་ཞིག་ཡིན། ཡོན་རྒྱལ་རབས་སྐབས་ས་སྐྱའི་བླ་ཆེན་རིམ་བྱོན་ལ་གུ་ཤིའི་གོ་གནས་གནང་བ་བཅུ་བྱུང་ཡོད། ༡་ས་སྐྱའི་གཞི་ཐོག་བླ་བྲང་གི་མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པའི་རྒྱལ་མཚན་དགུང་ལོ་ཉི་ཤུ་རྩ་ལྔ་པ་རབ་བྱུང་དྲུག་པའི་ས་སྦྲུལ(༡༣༢༩)ལོར། ཡོན་རྒྱལ་རབས་ཀྱི་གོང་མ་ཀུ་ཤ་ལ་གུ་ཐུག་རྒྱལ་པོས་བཀྭན་ཏིང་གོ་ཤྲིའི་མཚན་གནས་དང་ཤེལ་ཐམ་གནང༌། ༢་བདག་ཆེན་དེའི་གཅུང་ཆུང་བ་ནམ་མཁའ་རྒྱལ་མཚན་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཝེན་ཙུང་ཐུག་ཐེའི་མུར་གྱིས་གུ་ཤྲིའི་མཚན་གནས་གནང༌། ༣་གཞི་ཐོག་པ་མཁས་བཙུན་ཆེན་པོའི་སྲས་ཀུན་དགའ་རིན་ཆེན་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་ཀན་ཐེའི་མུར་གྱིས་བཀཱན་ཏིང་གོ་ཤྲིའི་མཚན་གནས་དང་ཤེལ་དམ་གནང༌། ༤གཞི་ཐོག་པ་ཀུན་དགའ་རིན་ཆེན་གྱི་སྲས་བློ་གྲོས་རྒྱལ་མཚན་ལ་ཡང་ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་ཀེན་ཐེའི་མུར(妥欢帖睦尔)གྱིས་ཏཱ་ཡོན་གུ་ཤྲིའི་གོ་གནས་དང་ཐམ་ཀ་གནང༌། ༥་རིན་ཆེན་སྒང་བླ་བྲང་གི་བདག་ཆེན་ཀུན་དགའ་ཉི་མ་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཤུས་རྡི་པ་ལ(硕德八刺)ཡི་དུས་ཏཱ་ཡོན་གོ་ཤྲིའི་གོ་གནས་དང་ཤེལ་དམ་ཆེ་བ་གནང༌། ༦བདག་ཆེན་བཟང་པོ་དཔལ་གྱི་སྲས་རིན་ཆེན་སྒང་བླ་བྲང་པ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ལ་གོང་མ་ཨ་ཡུར་པར་པ་ཏས་ཏཱ་ཡོན་གུ་ཤྲིའི་གོ་གནས་དང་ཤེལ་ཐམ་གནང༌། ༧བདག་ཆེན་བཟང་པོ་དཔལ་གྱི་སྲས་ལྷ་ཁང་བླ་བྲང་པ་ཀུན་དགའ་རྒྱལ་མཚན་ལ་ཡོན་རྒྱལ་རབས་ཀྱི་གོང་མས(མིང་མི་གསལ)ཆིང་གུའི་གུང་གུ་ཤྲིའི་གོ་གནས་གནང༌། ༨བདག་ཆེན་ཀུན་དགའ་རྒྱལ་མཚན་གྱི་སྲས་ཆོས་ཀྱི་རྒྱལ་མཚན་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཨ་ཡུར་པར་པ་ཏས་ཏཱ་ཡོན་གུ་ཤྲིའི་གོ་གནས་གནང༌། ༩བདག་ཆེན་ཀུན་དགའ་རྒྱལ་མཚན་གྱི་སྲས་ཆུང་བ་བློ་གྲོས་རྒྱལ་མཚན་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་ཀེན་ཐེའི་མུར་གྱིས་ཏཱ་ཡོན་གུ་ཤྲིའི་མཚན་དང་ཐམ་ཁ་གནང༌། ༡༠དུས་མཆོད་བླ་བྲང་པ་བདག་ཆེན་ཀུན་དགའ་ལེགས་པའི་བློ་གྲོས་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་ཀེན་ཐེའི་མུར་གྱིས་ཏཱ་ཡོན་གོ་ཤྲིའི་གོ་གནས་དང༌། ཤེལ་དམ་ཆེ་བ་གནང་བ་བཅས་བྱུང་ཡོད། ཞིབ་པར<<ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད>>ལ་གཟིགས།
- language:
- Tibetan
3. Thupten Phuntsok Dictionary
(国师) སྔོན་རྒྱ་ནག་གྱི་ཡོན་རྒྱལ་རབས་སྐབས་གོང་མ་ཧུ་པི་རབ་བྱུང་བཞི་པའི་ལྕགས་སྤྲེལ (༡༢༦༠) ལོར་སྲིད་དབང་བཟུང་བ་ནས་ས་སྐྱའི་བླ་ཆེན་རིམ་བྱོན་ལ་གུ་ཤྲི་དང་། ཏི་ཤྲིའི་གོ་གནས་གནང་ཞིང་། གོ་གནས་དེ་གཉིས་རྒྱལ་པོའི་བླ་མར་བཀུར་བ་རྣམས་ལ་དམིགས་བསལ་གྱིས་གནང་བ་ཞིག་ཡིན། གུ་ཤྲིའི་མཚན་གནང་བ་བཅུ་ནི། ཡོན་རྒྱལ་རབས་སྐབས་ས་སྐྱའི་བླ་ཆེན་རིམ་བྱོན་ལ་གུ་ཤྲིའི་གོ་གནས་གནང་བ་བཅུ་བྱུང་ཡོད། ༡ ས་སྐྱའི་གཞི་ཐོག་བླ་བྲང་གི་མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པའི་རྒྱལ་མཚན་དགུང་ལོ་ཉི་ཤུ་རྩ་ལྔ་པ་རབ་བྱུང་དྲུག་པའི་ས་སྦྲུལ (༡༣༢༩) ལོར། ཡོན་རྒྱལ་རབས་ཀྱི་གོང་མ་ཀུ་ཤ་ལ་གུ་ཐུག་རྒྱལ་པོས་བཀྭན་ཏིང་གོ་ཤྲིའི་མཚན་གནས་དང་ཤེལ་ཐམ་གནང་། ༢ བདག་ཆེན་དེའི་གཅུང་ཆུང་བ་ནམ་མཁའ་རྒྱལ་མཚན་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཡེན་ཙུང་ཐུག་ཐེའི་མུར་གྱིས་གུ་ཤྲིའི་མཚན་གནས་གནང་། ༣ གཞི་ཐོག་པ་མཁས་བཙུན་ཆེན་པོའི་སྲས་ཀུན་དགའ་རིན་ཆེན་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་ཀན་ཐེའི་མུར་གཡིས་བཀཱན་ཏིང་གོ་ཤྲིའི་མཚན་གནས་དང་ཤེལ་དམ་གནང་། ༤ གཞི་ཐོག་པ་ཀུན་དགའ་རིན་ཆེན་གྱི་སྲས་བློ་གྲོས་རྒྱལ་མཚན་ལ་ཡང་ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་ཀེན་ཐེའི་མུར་གྱིས་ཏཱ་ཡོན་གུ་ཤྲིའི་གོ་གནས་དང་ཐམ་ཀ་གནང་། ༥ རིན་ཆེན་སྒང་བླ་བྲང་གི་བདག་ཆེན་ཀུན་དགའ་ཉི་མ་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཤུས་རྡི་པ་ལ་ཡི་དུས་ཏཱ་ཡོན་གོ་ཤྲིའི་གོ་གནས་དང་ཤེལ་དམ་ཆེ་བ་གནང་། ༦ བདག་ཆེན་བཟང་པོ་དཔལ་གྱི་སྲས་རིན་ཆེན་སྒང་བླ་བྲང་པ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ལ་གོང་མ་ཨ་ཡུར་པར་པ་ཏས་ཏཱ་ཡོན་གུ་ཤྲིའི་གོ་གནས་དང་ཤེལ་ཐམ་གནང་། ༨ བདག་ཆེན་ཀུན་དགའ་རྒྱལ་མཚན་གྱི་སྲས་ཆོས་ཀྱི་རྒྱལ་མཚན་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཨ་ཡུར་པུར་པ་ཏས་ཏཱ་ཡོན་གུ་ཤྲིའི་གོ་གནས་གནང་། ༩ བདག་ཆེན་ཀུན་དགའ་རྒྱལ་མཚན་གྱི་སྲས་ཆུང་བ་བློ་གྲོས་རྒྱལ་མཚན་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་ཀེན་ཐེའི་མུར་གྱི་ཏཱ་ཡོན་གོ་ཤྲིའི་གོ་གནས་དང་། ཤེལ་དམ་ཆེ་བ་གནང་བ་བཅས་བྱུང་ཡོད།
- language:
- Tibetan