Skip to main content Skip to search
gu shrI bsod nams grags pa/
ID:
T26229
  • གུ་ཤྲཱི་བསོད་ནམས་གྲགས་པ (Tibetan, Tibetan script, Original)
    • > gu shrI bsod nams grags pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gushri sönam drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[357] ཕག་གྲུ་སྡེ་སྲིད་ཁྲི་རབས་བཞི་པ་འདི་རབ་བྱུང་དྲུག་པའི་ས་ཕག་ལོ་ལ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་བྱ་ལོ་ནས་ཤིང་གླང་ལོའི་བར་ལོ་བཞི་སྲིད་བསྐྱངས། རྩེ་ཐང་གི་ཚོགས་པ་ལོ་བཅུ་གསུམ་བསྐྱངས། གདན་ས་མཐིལ་གྱི་སྤྱན་སྔ་ལོ་བཅུ་དགུ་མཛད། ཏཱ་མིང་ཧུང་འུ་རྒྱལ་པོས་ཀྭ་དིན་གུ་ཤྲཱིའི་གོ་ས་གནང། རབ་བྱུང་བདུན་པའི་ས་བྱི་ལོ་ལ་འདས། ... ༼1359-1408༽ ... 1381-1385...

language:
English

2. dung dkar bod rig pa'i tshig mdzod chen mo

ཕག་གྲུ་སྡེ་སྲིད་ཀྱི་ཁྲི་རབས་བཞི་པ་ཡིན། དཔོན་རིན་ཆེན་རྡོ་རྗེ་དང་དོ་བྲག་དཔོན་མོ་རིན་ཆེན་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ས་ཕག(༡༣༥༩)ལོར་འཁྲུངས། དགུང་ལོ་དགུ་པ་མེ་ལུག(༡༣༦༧)ལོར་མཁན་ཆེན་གཞོན་ནུ་དབང་ཕྱུག་དང༌། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་བསོད་ནམས་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་གཉིས་པ་ལྕགས་ཁྱི(༡༣༧༠)ལོར་དགེ་བསྙེན་མཛད། དེ་ནས་རྩེད་ཐང་དུ་ཕེབས་ནས་སློབ་གཉེར་མཛད། ལོ་ཆེན་བྱང་ཆུབ་རྩེ་མོ་དང༌། མཁན་ཆེན་གཞོན་དབང་པ། ཚུལ་རྒྱལ་བ་བཅས་ཀྱི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་གསུམ་པ་རབ་བྱུང་དྲུག་པའི་ལྕགས་བྱ(༡༣༨༡)ལོ་ནས་ལོ་ལྔའི་རིང་ཕག་གྲུའི་སྲིད་སྐྱོང་གི་ཁྲིར་བཞུགས། འདི་ཐད་བོད་ཡིག་གི་ལོ་རྒྱུས་ཚང་མར་མི་གསལ་ཡང༌། རྒྱ་ཡིག་གི་མིང་རྒྱལ་རབས་ཀྱི་ལོ་རྒྱུས་སུ་དམ་པ་འདིས་སྲིད་དབང་བསྐྱངས་རིང་མིང་རྒྱལ་རབས་ཀྱི་གོང་མ་ཐའི་ཙུའུ་ཀྲུའུ་ཡོན་ཀྲང(朱元璋)གི་ཧོང་ཝུ(洪武)ཁྲི་ལོ་ཉེར་གཅིག་པ་རབ་བྱུང་བདུན་པའི་ས་འབྲུག(༡༣༨༨)ལོར་བཀྭན་ཏིང་གུ་ཤྲིའི་གོ་གནས་གནང་བར་བཤད་པ། བོད་ཡིག་གི་ལོ་རྒྱུས་སུ་སྐབས་དེར་སྲིད་འཛིན་ཁྲི་བཤོལ་གནང་ནས་གདན་ས་ཐེལ་གྱི་སྤྱན་སྔ་གནང་ནས་ལོ་གཉིས་ལྷག་སོང་ཟིན་པར་བཤད་པས་གང་ཞིག་ཁུངས་དག་མིན་བརྟག། གདན་ས་ཐེལ་གྱི་སྤྱན་སྔའི་ཁྲིར་ལོ་ཉི་ཤུ་བཞུགས་ཤིང༌། དེའི་རིང་མདོ་སྔགས་ཀྱི་ཆོས་འཆད་སྤེལ་རྒྱ་ཆེར་མཛད། དགུང་ལོ་ཞེ་དྲུག་པ་ཤིང་སྤྲེལ(༡༤༠༤)ལོར་ཟུར་བཞུགས་མཛད། དགུང་ལོ་ལྔ་བཅུ་པ་རབ་བྱུང་བདུན་པའི་ས་བྱི(༡༤༠༨)ལོར་སྐུ་གཤེགས། དེ་ནས་ལོ་བཅུ་གསུམ་རིང་སྐུ་གདུང་རིལ་པོར་བཞུགས་ཤིང༌། དེ་རྗེས་ཞུགས་འབུལ་ཞུས་པར་ལྟས་ངོ་མཚར་ཅན་མང་དུ་བྱུང་ཞེས་གསལ། ལོ་རྒྱུས་འདི<<ཆོས་འབྱུང་མིག་འབྱེད་འོད་སྟོང>>ནས་གནད་བསྡུས་ཏེ་བཀོད་པ་ལགས།

language:
Tibetan

3. Thupten Phuntsok Dictionary

ཕག་གྲུ་སྡེ་སྲིད་ཁྲི་རབས་བཞི་པ་རབ་བྱུང་དྲུག་པའི་ས་ཕག་ལོ་ལ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་བྱ་ལོ་ནས་ཤིང་ལོའི་བར་ལོ་བཞིར་སྲིད་བསྐྱངས། གདན་ས་མཐིལ་གྱི་སྤྱན་སྔ་ལོ་བཅུ་དགུ་མཛད། ཏཱ་མིང་ཧུང་འུ་རྒྱལ་པོས་ཀྭ་དིན་གུ་ཤྲཱིའི་གོ་ས་གནང་། རབ་བྱུང་བདུན་པའི་ས་བྱི་ལོ་ལ་འདས།

language:
Tibetan

4. smon lam tshig mdzod chen mo

ཕག་གྲུ་སྡེ་སྲིད་ཁྲི་རབས་བཞི་པ་འདི་རབ་བྱུང་དྲུག་པའི་ས་ཕག་ལོ་ལ་འཁྲུངས། (1359-1408) རབ་བྱུང་དྲུག་པའི་ལྕགས་བྱ་ལོ་ནས་ཤིང་གླང་ལོའི་བར་ལོ་བཞི་སྲིད་བསྐྱངས། རྩེ་ཐང་གི་ཚོགས་པ་ལོ་བཅུ་གསུམ་བསྐྱངས། གདན་ས་མཐིལ་གྱི་སྤྱན་སྔ་ལོ་བཅུ་དགུ་མཛད། ཏཱ་མིང་ཧུང་འུ་རྒྱལ་པོས་ཀྭ་དིན་གུ་ཤྲཱིའི་གོ་ས་གནང༌། རབ་བྱུང་བདུན་པའི་ས་བྱི་ལོ་ལ་འདས།

language:
Tibetan

5. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དྲུག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ 1359 ལོར་གཙང་དུ་ཡབ་རིན་ཆེན་རྡོ་རྗེ་དང་། ཡུམ་རིན་ཆེན་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ 1408 ལོར་སྐུ་གཤེགས། དགུང་ལོ་དགུ་པར་དགེ་བསྙེན་ཀྱི་སྡོམ་པ་མནོས། དགུང་ལོ་བཅུ་པར་རྩེད་ཐང་དུ་བྱོན་ནས་ལོ་ལྔའི་རིང་དུ་གདན་ས་མཛད། དེ་ནས་ལོ་ཆེན་བྱང་ཆུབ་རྩེ་མོ་དང་མཁན་ཆེན་གཞོན་ནུ་དབང་པོ་དང་། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། སྣེའུ་གདོང་རྩེའི་གོ་ས་བཟུང་ནས་ཆབ་སྲིད་ལོ་ལྔའི་རིང་དུ་བསྐྱངས། དགུང་ལོ་ཉེར་བརྒྱད་པར་མཐིལ་གྱི་གདན་སར་ཕེབས་ཏེ་སྤྱན་སྔ་ལོ་ངོ་བཅུ་དགུའི་རིང་དུ་མཛད། མཚོ་དཀར་བ་ལས་ཕྱག་ཆེན་གྱི་ཁྲིད་སོགས་མང་དུ་གསན་པས་ཐུགས་དམ་ཁྱད་པར་ཅན་འཁྲུངས། ཁོང་ནི་ཕག་གྲུ་སྡེ་སྲིད་ཁྲི་རབས་བཞི་པ་ཡིན། ཏཱ་མིང་གོང་མ་ཆེན་པོ་ཧུང་ཝུ་རྒྱལ་པོས་ཁོང་ལ་ཀྭ་དིན་གུ་ཤྲཱིའི(*chinese char) གོ་གནས་གནང་ངོ་། ཕག་གྲུའི་གདན་རབས་བཅུ་གཅིག་པ་ཡིན། [252]

language:
Tibetan