Skip to main content Skip to search
byed med las tshig
ID:
T270344
  • བྱེད་མེད་ལས་ཚིག (Tibetan, Tibetan script, Original)
    • > byed med las tshig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jeme letsik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dag yig gsar bsgrigs

is related to
byed/

བྱེད་པ་པོ་གཞན་དངོས་སུ་མེད་པའི་ལས་ཚིག་སྟེ། ལས་ཚིག་གི་ནང་གི་རྐྱལ། རྐྱོལ། འཁྱམ། འཁྱམས། བརྒྱུག རྒྱུག བརྒྱུགས། རྒྱུགས། མཁས། ཕན་ལྟ་བུ་སོགས་ནི་བྱེད་མེད་ལས་ཚིག་ཡིན་ལ། ལས་ཚིག་དེ་དག་གྲུབ་ཆ་བྱས་ཡོད་པའི་ཚིག་ཀ་ཆ་ཚང་ཞིག་ཡིན་ན། གཙོ་ཚིག་དང་རྗོད་ཚིག་བར་དུ་བྱེད་སྒྲ་མི་འཇུག་པ་ཡིན་ཏེ། ཞིང་པ་སོ་ནམ་ལ་མཁས། ཤིང་དུམ་བུར་གས་ལྟ་བུ། དེའི་ཕྱིར་ལས་ཚིག་དེ་དག་ལ་བྱེད་པ་པོ་གཞན་དངོས་སུ་མེད་པས་ན་བྱེད་མེད་ལས་ཚིག་ཟེར།

language:
Tibetan

2. smon lam tshig mdzod chen mo

བྱེད་པ་པོ་གཞན་དངོས་སུ་མེད་པའི་ལས་ཚིག བོད་སྐད་ཀྱི་ལས་ཚིག་གི་ནང་གི་རྐྱལ། རྐྱོལ། འཁྱམ། འཁྱམས། བརྒྱུག ། རྒྱུག ། བརྒྱུགས། རྒྱུགས། མཁས། ཕན་ལྟ་བུ་སོགས་ནི་བྱེད་མེད་ལས་ཚིག་ཡིན་ལ། ལས་ཚིག་དེ་དག་གྲུབ་ཆ་བྱས་ཡོད་པའི་ཚིག་ཀ་ཆ་ཚང་ཞིག་ཡིན་ན། གཙོ་ཚིག་དང་རྗོད་ཚིག་བར་དུ་བྱེད་སྒྲ་མི་འཇུག་པ་ཡིན་ཏེ། དཔེར་ན། ཞིང་པ་སོ་ནམ་ལ་མཁས། ཤིང་དུམ་བུར་གས་ལྟ་བུ། དེའི་ཕྱིར་ལས་ཚིག་དེ་དག་ལ་བྱེད་པ་པོ་གཞན་དངོས་སུ་མེད་པས་ན་བྱེད་མེད་ལས་ཚིག་ཟེར།

language:
Tibetan

byed med las tshig has 1 other term directly related to it, which is presented here.