Skip to main content Skip to search
gong ma/
ID:
T27272
  • གོང་མ (Tibetan, Tibetan script, Original)
    • > gong ma/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gongma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: upper; superior; higher; emperor
Others' Translations: {C}superior; {GD:177} vertical
Sanskrit: {MSA}upari; {C}uttāri (?); ūrdhva {GD:265}

གོང་མའི་སྤྱི་
vertical-universal {GD:177}

language:
English

2. Dan Martin Dictionary

Stein.

language:
English

3. Rangjung Yeshe Dictionary

  • vertical [ggd]

    language:
    English
  • 1) forefather, master of yore, founders, founding forefathers. 2) the former, previous. 3) superior, eminent, higher, more advanced; superiority. 4) imperial, emperor, superior ones. 5) the past, of the past; previous; former; previous life / incarnation. Syn སྐུ་གོང་མ་; 6) elder; 7) collar; 8) upper; top floor

    language:
    English
  • saints

    language:
    English
  • dam pa gong ma - past sages

    language:
    English
  • rje + - past saints

    language:
    English

4. Ives Waldo Dictionary

1) great king, emperor [of China]; 2) high lama of former times; 2) [the] former, previous, above, higher, superior, imperial, eminent [ones]; 3) forefather; 4) superiority

language:
English

5. Jim Valby Dictionary

higher, superior, the former, the first-named, best, imperial, emperor, superior one, emperor

language:
English

6. Richard Barron Dictionary

higher/ more advanced; elder; former; master of yore/ the past

language:
English

7. bod rgya tshig mdzod chen mo

[371] 1... . 1༽ རྒྱལ་པོ་ཆེན་པོ། ... རྒྱ་ནག་གོང་མ། ... གོང་མའི་ཕོ་བྲང་། ... གོང་མ་ཆེན་པོ། ... [372] ... 2༽ སྔ་རབས་ཀྱི་བླ་མ་དམ་པ། ... ས་སྐྱ་གོང་མ་ལྔ། ... བོན་གྱི་གོང་མ་ཆེ་དྲུག... 2. སྔོན་མ་དང་། སྟེང་མ། ... མི་རབས་གོང་མ། ... རིམ་པ་གོང་མ། ... གོང་མའི་གོང་མ། ... ཁམས་གོང་མ། ... ས་གོང་མ། ...

language:
Tibetan

8. dag yig gsar bsgrigs

  • ༡ གནས་མཐོ་བའམ་དུས་སྔ་བའི་བྱ་དངོས་ཀྱི་མིང་སྟེ། རིམ་པ་གོང་མ། མི་རྒྱུད་གོང་མ། བཤད་ཚུལ་གོང་མ་དང་འོག་མ་ཞེས་པ་ལྟ་བུ།

    language:
    Tibetan
  • ༢ རྒྱལ་ཁབ་ཀྱི་རྗེ་བོའི་མིང་སྟེ། གོང་མ་རྒྱལ་བོ་ཡང་ཟེར།

    language:
    Tibetan

9. dung dkar bod rig pa'i tshig mdzod chen mo

རྒྱ་སྐད་ཀྱི་ཧོའང་དྷི(皇帝)ཞེས་པའི་དོན་བོད་སྐད་དུ་བསྒྱུར་བ་སྟེ། སྔ་རབས་རྒྱལ་ནང་དུ་རྒྱལ་རབས་ཐོག་མར་བྱུང་སྐབས་སན་ཧོའང་འུ་དྷི་ཞེས(三皇五帝)རྒྱལ་པོ་ཧོའང་གསུམ་དང་དྷི་ལྔ་བྱུང་བ་དེ་དག་ཡོན་ཏན་ཆེ་ཞིང༌། སྲིད་སྐྱོང་བ་ལ་མཁས་པས་འབངས་རྣམས་བདེ་སྐྱིད་དང་ལྡན་པའི་དུས་སྐབས་ཡིན་པས། རྒྱལ་རབས་རྗེས་མ་རྣམས་ཀྱི་རྒྱལ་པོས་རང་ཉིད་ཧོའང་གསུམ་དང་དྷི་ལྔ་ལྟ་བུའི་མཛད་རྗེས་ཡོང་རྒྱུའི་ཆེད་དུ་ཆིན་རྒྱལ་རབས་ཀྱི་གོང་མ་ཆིན་ཧྲི་ཧོང(秦始皇)གིས་ཀྲུང་གོ་རྒྱལ་ཡོངས་གཅིག་གྱུར་བྱས་པའི་རྗེས་སུ་རང་ཉིད་ལ་ཧོའང་དྷི (皇帝)ཞེས་ཆེ་མིང་གིས་འབོད་པ་དེ་ནས་བཟུང་མན་ཆིང་རྒྱལ་རབས་མཇུག་མ་སྒྲིལ་བར་རྒྱལ་རབས་རིམ་བྱུང་གི་རྒྱལ་པོར་ཧོའང་དྷི་ཞེས་འབོད་སྲོལ་བྱུང་བ་ཡིན། བོད་ཀྱི་ལོ་རྒྱུས་མང་པོར་རྒྱ་ནག་གི་རྒྱལ་རབས་འདྲེན་པའི་སྐབས་སུ། ཅིའུའི་རྒྱལ་པོ་སུམ་ཅུ་སོ་དྲུག་ནས་གྲངས་འདྲེན་པ་ལས། དེའི་གོང་དུ་རྒྱལ་རབས་གཞན་བྱུང་བའི་གསལ་ཁ་མི་སྣང་ཞིང༌། <<རྒྱ་ནག་ཆོས་འབྱུང>>ལས་དེའི་གོང་དུ་ཧོའང(皇)གསུམ་དང་རྙི(帝)ལྔ་བྱུང་བའི་རྗེས་སུ་ཊིའུའམ་ཅིའུའི་རྒྱལ་རབས་བྱུང་བར་བཤད་ལ། དེ་བཞིན་དུ་<<དེབ་ཐེར་དམར་པོ>>དང༌། <<དེབ་ཐེར་སྔོན་པོ>><<མཁས་པའི་དགའ་སྟོན>>རྣམས་ལས་ཡིག་ནོར་དང་མ་དག་རྒྱུན་འབྱམས་འགའ་ཞིག་འདུག་པས། འདིར<<རྒྱ་ནག་ཆོས་འབྱུང>>རང་ཁུངས་བཙན་པར་བསམས་ནས་དེ་ཉིད་གཞིར་བཞག་ཐོག དེར་མི་གསལ་བ<<དེབ་ཐེར་སྔོན་པོ>>སོགས་ནས་ཁ་སྐོང་སྟེ་མདོར་བསྡུས་སུ་བྲི་བར། ཐོག་མར་ཧོའང་གསུམ་ལས། ༡་ཧོའང་དང་པོ་ཐའི་ཧོའུ་ཧྥུ་ཥི་ཞི(འདིས་རིགས་རུས་མི་འཆོལ་བའི་ཕྱིར་བག་མ་གཏོང་ལེན་གྱི་སྲོལ་འཛུགས། རྒྱ་ཡིག་ཀྱང་འདི་སྐབས་ཐོག་མར་བྱུང་བ། དབྱིབས་ལ་དཔེ་བལྟས་པའི་རི་མོ་ལྟ་བུར་ཡོད་ཅེས་གྲགས། སྨྱུག་མའི་སམ་ཊ་ལ་སྤྲ་ཆིལ་འབྲི་བའི་སྲོལ་བཏོད)རྒྱལ་སར་ལོ་བརྒྱ་དང་བཅོ་ལྔ་བསྡད་ནས་འདས། འདི་ལ་རྒྱལ་རྒྱུད་བཅོ་ལྔ་བྱུང་བར་བཤད་ཀྱང༌། དང་ལོ་ཇི་ཙམ་ཐོབ་པའི་གསལ་ཁ་མི་སྣང༌། ༢་ཧོའང་གཉིས་པ་ཡན་རྟི་ཤེན་ནུང་ཞི། (འདིའི་སྐབས་ཞིང་ལས་དང་བརྗེ་ཚོང་གི་སྲོལ་དང༌། ཆིས་ཕ་ཞེས་པའི་སྨན་པ་མཁས་པ་བྱུང)རྒྱལ་སར་ལོ་བརྒྱ་དང་བཞི་བཅུ་བསྡད་ནས་འདས། གདུང་བརྒྱུད་རྒྱལ་པོ་བདུན་བྱུང་བ་རྣམས་ཀྱིས་ལོ་སུམ་བརྒྱ་བདུན་ཅུར་རྒྱལ་སྲིད་བཟུང་བའི་མཐར། ཡུའི་དབང་རྒྱལ་པོ་སྐྱོང་ལུགས་མི་མཁས་པས། རྒྱལ་རིགས་གྱི་བློན་ཆེན་ཋ་ཡིའུ་ཟེར་བས་ངོ་ལོག་བྱས་ཏེ་དམག་འཁྲུག་བསླང༌། རྒྱལ་པོ་ཁྲི་ལས་ཕབ། མདའ་གཞུ་གྲི་མདུང་ལ་སོགས་པའི་མཆོན་ཆ་མང་པོ་ཐོག་མར་བཟོས། འབངས་རྣམས་ལ་ཁྲིམས་ཀྱི་ཆད་པ་ཤིན་ཏུ་ལྩི་བའི་རྐྱེན་གྱིས་བཟོད་མི་ཐུབ་པར་གྱུར། ༣་ཧོའང་གསུམ་པ་ཥའན་ཡུའན་འདི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོད་པས་ཁམས་ཀྱི་རྒྱལ་པོ་འདི་ལ<<རྒྱ་ནག་ཆོས་འབྱུང>>ཤོག་གྲངས༡༤ལས་རྒྱ་ནག་གི་ཡུལ་རིལ་པོར་དབང་མ་ཐོབ་ཀྱང་འོག་ཏུ་རྒྱལ་ཕྲན་འགའ་ཞིག་ཡོད་པ་ནི་ཁམས་ཀྱི་རྒྱལ་པོའོ། །ཙི་ནའི་ལུགས་ལ་ཁམས་རྒྱལ་ཆེ་ཤོས་རྣམས་ལ་ཤིང་རྟ་སྟོང་པར་འབོད་པའི་རྒྱུ་མཚན་ནི། འབངས་མི་ཁྱིམ་བརྒྱད་རེ་ལ་དམག་མི་གཅིག་བཙུགས་ཏེ། དེ་འདྲའི་དམག་མི་ཉི་ཤུ་རྩ་ལྔ་ལ་ཁལ་རྟ་བཞི་རེས་དྲངས་པའི་ཤིང་རྟ་ཆེན་པོ་གཅིག་ཕོག་པར་བྱས་ཏེ། དེ་འདྲའི་ཤིང་རྟ་ཆེན་པོ་སྟོང་ཚང་བའི་དམག་དཔུང་གི་བདག་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཞེས་དང་རྒྱལ་ཕྲན“པཱའི་ལས་ཀ་དང་དབང་མ་ཐོབ་ཅིང་ཤིང་རྟ་སྟོང་དུ་མ་ཚང་བ་ཤིང་རྟ་བརྒྱ་པ་ལ་སོགས་པ་རྒྱལ་ཕྲན་ཡིན”ཞེས<<རྒྱ་ནག་ཆོས་འབྱུང>>ལས་བཤད། གཞན་དག་དང་འབངས་མི་ཀུན་གྱིས་གྲོས་མཐུན་པར་སྤྱི་དཔོན་དུ་བསྐོས། གླང་ཆེན་དང་འབྲུག་ལ་སོགས་པའི་སྒྲ་གདངས་འདྲ་བའི་མཁར་རྔ་དང༌། རྔ་བོ་ཆེ་དང༌། རག་དུང་ཕྲ་རགས་ལ་སོགས་པའི་རོལ་མོ། ཁྲབ་རྨོག ཕུབ་རིང་ཐུང༌། རུ་འདྲེན་གྱི་དཔའ་རྟགས་རྒྱལ་མཚན་དང་བ་དན། རུ་མཚོན་ཆེ་ཆུང་སོགས་ལག་ཆ་རྣམས་ཐོག་མར་བཟོས། དེ་ནས་བློན་པོ་ཋ་ཡུ་ལ་ཅོ་ལོའི(ཅའུ་ལི)གནས་སུ་དམག་དྲངས། བློན་པོ་ཁྲི་ཡིའུ་བཟུང་སྟེ་བསད་པ་ནི་བསད་ཁྲིམས་ཀྱི་ཐོག་མ་ཡིན། དེ་ནས་ཧོའང་དྷིས་ཀྱིས་རྒྱལ་པོ་བྱས་ཏེ། མིང་ལ་ཧུའང་ཧི་ཡིའུ་ཥང་ཞི་ཟེར། འདི་སྐབས་གྲུ་གཟིངས་དང༌། ཕྱོགས་བརྟག་འཁོར་ལོ། རྟ་འཐེན་འཁོར་ལོ། རྩིས་སོགས་བྱུང༌། དུད་འགྲོ་རྣམས་སོ་སོའི་རང་བཞིན་དང་ཁྱད་ཆོས་ལ་བརྟགས་ནས་བཀོལ་སྤྱོད་བྱས། གཞན་ཡང་ཚོང་ཁྲོམ་དང་མཁར་རྫོང་སོགས་གསར་དུ་བཙུགས། ལོ་བརྒྱར་སྲིད་བཟུང་ནས། ལོ་བརྒྱ་དང་བཅུ་གཅིག་ལ་འདས། ༡་དེ་ནས་དྷི་དང་པོ་ཞེའུ་ཧོའུ་ཀིན་ཐི་ཡན། ཧུའུང་རྙིས་ཀྱི་བུ་གཉིས་པ་སྟེ། ལོ་བརྒྱད་ཅུར་སྲིད་བཟུང་ལོ་བརྒྱ་ཐམ་པར་འདས། ༢རྙི་གཉིས་པ་ཐུའུན་ཥྱའི་ཀའུ་ཡང་ཞི(དྷི་དང་པོའི་བུ་ཆེ་པ་ཋང་ཡི་ཞེས་བྱ་བའི་བུ)འདིས་ལོ་བདུན་ཅུ་རྩ་བརྒྱད་སྲིད་བཟུང་ནས་ལོ་གོ་བདུན་པར་འདས། རྒྱལ་པོ་ཀའུ་ཡང་ཞི་འདི་ལ་བུ་བཅུ་གཉིས་ཡོད་པ་ལས་མང་དུ་འཕེལ་ཏེ། འོག་ནས་འབྱུང་བའི་དྷི་ཡོའུ་དང༌། དྷི་ཞུན། དབང་གསུམ། ཆིན་ཤི་ཧུའང(ཆིན་ཧྲི་ཧོའང)ཧན་གྱི་རྒྱལ་རབས་སོགས་རྒྱལ་པོ་ཆེན་པོ་དང༌། རྒྱལ་ཕྲན་མང་དུ་བྱུང༌། དྷི་གཉིས་པའི་ནུ་བོ་བྱང་ཕྱོགས་ཀྱི་རྒྱལ་ཕྲན་དུ་བསྐོས་པ་དེའི་རིགས་བརྒྱུད་ནི་ཕྱིས་ཀྱི་ཡུ་གུར་གྱི་རྒྱལ་བརྒྱུད་རྣམས་ཡིན། ཡང་དྷི་གཉིས་པའི་ཡང་ཚ་ཀྱན་ལེན་ཟེར་བ་ཞིག་ཕེང་ཁམས་ཀྱི་རྒྱལ་པོར་བསྐོས་པ་དྷི་ཡོའུའི་དུས་ནས་བཟུང་ཌའུའམ་ཅིའུ་རྒྱལ་རབས་ཚུགས་པའི་བར་ལོ་བརྒྱད་བརྒྱ་ཐུབ་པ། ཕེང་ཚུར་གྲགས་པ་ཞིག་ཀྱང་བྱུང༌། ༣དྷི་གསུམ་པ་དྷི་ཀུ་ཀའུ་སིན་ཞི། དྷི་དང་པོའི་ཚ་བོ་ལོ་བདུན་ཅུར་སྲིད་བཟུང་ནས། ལོ་བརྒྱ་དང་ལྔ་ལ་འདས། དེ་རྗེས་དེའི་བུ་དྷི་ཌིས་རྒྱལ་སྲིད་བཟུང་བར་ལུགས་དང་མཐུན་པར་མ་བྱས་པས་རྒྱལ་ཕྲན་རྣམས་དང་མི་དམངས་གྲོས་མཐུན་གྱིས་ཁྲི་ལས་ཕབས། ༤དེ་རྗེས་དྷི་བཞི་པ་དྷི་ཡོའུ་ཐོའུ་ཐང་ཞི། དྷི་གསུམ་པའི་བུ་ཆུང་བ་ཡིན། དེ་སྔོན་རྒྱལ་སྲིད་ལ་མིང་ཟུར་པ་མེད་ཀྱང༌། འདིའི་དུས་ནས་རྒྱལ་སྲིད་ལ་ཐང་གི་མིང་བཏགས། ལོ་བརྒྱད་ཅུ་སྲིད་བཟུང་ནས་ལོ་བརྒྱ་དང་བཅོ་ལྔར་འདས། ༥དྷི་ལྔ་པ་དྷི་ཞུན་ཡིའུ་ཡུས་རྒྱལ་པོ་ཀའུ་ཡང་ཞིའི་གདུང་བརྒྱུད་ལས། རྒྱལ་ཕྲན་ཀུ་ཟེའུ་ཞེས་པའི་བུ་ཆེ་བ་ཡིན། ལོ་བཞི་བཅུ་ཞེ་བརྒྱད(གོ་བརྒྱད)རིང་སྲིད་བཟུང༌། སྲིད་ཀྱི་མིང་ལ་ཡུས་ཟེར། ལོ་བརྒྱ་དང་བཅུར་འདས། འདི་ཡན་དྷི་ལྔའོ། །དེ་ནས་དབང་གསུམ་སྟེ། ༡་དབང་དང་པོ། ཥི་ཡ་ཡུའི་དབང༌། འདི་ཀའུ་ཡང་ཞིའི་ཚ་བོ་ཧུ་ཝང་དྷིའི་ཡང་ཚ་མི་རབས་གཉིས་པ། འདིས་ཞུན་གྱི་རྒྱལ་ཚབ་ལོ་ཉེར་བརྒྱད། རྒྱལ་པོ་ལོ་བཅུ་བདུན་བྱས། དེ་ནས་རྒྱལ་རབས་ལྔ་པ་དྷི་ཥང་གི་སྐབས་རྒྱལ་ཕྲན་ཧན་ཁྲུ་ཞེས་པས་རྒྱལ་སྲིད་ཕྲོགས་པ་ནི། འབངས་ཀྱིས་རྒྱལ་པོར་རྒོལ་ནས་རྒྱལ་སྲིད་འཕྲོག་པའི་ཐོག་མ་ཡིན། དེ་ནས་བློན་ཆེན་རྙིང་པ་ལྰི་ཞེས་པས་རྒྱལ་སྲིད་ཚུར་བླངས་ནས། དྷི་ཥྱང་གི་བུ་ཞོའུ་ཥང་རྒྱལ་སྲིད་ལ་བཞག ༢་དབང་གཉིས་པ་ཆེང་ཐངས། དེ་ནས་བརྩིས་པའི་རབས་བཅུ་གཉིས་པ་ཀི་ཡི་ཡེ་ཟེར་བའི་རྒྱལ་པོ་དེས་རྒྱལ་སྲིད་ལུགས་དང་མཐུན་པར་མ་བསྐྱངས་ཤིང༌། རྒྱལ་ཕྲན་རྣམས་ཀྱང་རྒྱལ་པོ་དེ་དང་མཐུན་པར་ཧ་ཅང་གདུག་རྩུབ་ཆེ་བའི་རྐྱེན་གྱིས། ཧུའང་དྷིའི་གདུང་བརྒྱུད་རྒྱལ་ཕྲན་ཆེང་ཐང་གིས་མགོ་འཁྲིད་པའི་དམག་གིས་མི་དམངས་ལ་གྲོགས་བྱས་ཏེ། རྒྱལ་པོ་དེ་དང་རྒྱལ་ཕྲན་མ་རུང་བ་རྣམས་ཚར་བཅད། རང་ཉིད་ཀྱིས་རྒྱལ་སྲིད་བཟུང༌། རྒྱལ་སྲིད་ཀྱི་མིང་ཤང་ཡིན་ཀྱང་དེ་ནས་རྒྱལ་རབས་བཅུ་བདུན་པ་ཕན་ཀེང་རྒྱལ་པོས་ཡེན་དུ་བསྒྱུར། ཕན་ཀེང་ནས་རབས་བཅུ་གཉིས་པ་རྒྱལ་པོ་ཅིའུ་ཞེས་པ་རྒྱལ་སྲིད་སྐྱོང་ལུགས་རྒྱལ་ངན་ཀི་སི་དང་མཚུངས་པར་བརྟེན་རྒྱལ་ས་ཤོར་རོ། །༣་དབང་གསུམ་པ་ཝེན་ཨུ། ཅིའུ་རྒྱལ་པོའི་དུས་ཀྱི་རྒྱལ་ཕྲན་ཟི་པེ་ཟེར་བ་དེའི་བུ། མིང་དངོས་ཨུ་དབང་ཟེར། ཀའུ་ཟིན་ཞིའེ་ཡང་ཚ་མི་རབས་བཅུ་དྲུག་པ་ཡིན། རྒྱལ་སྲིད་ཀྱི་མིང་ཟེའུ་ཟེར། (ལོ་རྒྱུས་རྣམས་སུ་ཅེའུའམ་ཅེའུ་ཞེས་སྣང)འདི་ནས་ཊེའུའི་རྒྱལ་རབས་མགོ་ཚུགས། ཊེའུ་རྒྱལ་རབས་འདི་ལ་རྒྱལ་པོ་སུམ་ཅུ་སོ་དྲུག་བྱུང་བ། ལོ་བརྒྱད་བརྒྱ་བདུན་ཅུ་དོན་གསུམ་རིང་སྲིད་བཟུང༌། (འདི་ལ<<དེབ་ཐེར་དམར་པོ>>སོགས་བོད་ཀྱི་ལོ་རྒྱུས་ཚང་མར“ཅིའུ་རྒྱལ་པོ་སུམ་ཅུ་སོ་དྲུག ལོ་བརྒྱར་སྲིད་བཟུང”ཞེས་བཤད་པ་ནི་མ་དག་རྒྱུན་འབྱམས་ཁོ་ན་སྟེ། རྒྱལ་པོ་སུམ་ཅུ་སོ་དྲུག་བསྡོམས་པའི་ཡུན་ལ་ལོ་བརྒྱ་ལས་མེད་ན་རྒྱལ་པོ་རེའི་ཐོབ་སྐལ་ཆ་མཉམ་པས་ལོ་གཉིས་ལྷག་མི་འབྱུང་བས། འདིར་གུང་མགོན་པོ་སྐྱབས་ཀྱི<<རྒྱ་ནག་ཆོས་འབྱུང>>རང་ཁུངས་བཙན་པར་བསམས་ནས་དེ་ལྟར་བྲིས)དེ་ལྟར་ཌེའུའི་རྒྱལ་རབས་རྣམས་ཁམས་ཀྱི་རྒྱལ་པོ་རྣམས་ཀྱིས་བཅོམ་པའི་མཐར། ཡན་དབང༌། ཆུའ་དབང༌། ཚིན་དབང༌། ཆི་དབང༌། ཇོའུ་དབང༌། ཝེའི་དབང༌། ཧན་དབང་བཅས་པའི་བདུན(ཆི་བདུན། བཙན་པོ་བདུན)ཙམ་ལུས་པ་མཐར་ཆིན་དབང(ཆིན་ཤི་དབང༌། ཆིན་ཧྲི་ཧོའང)གིས་དབང་དུ་བསྡུས། ལོ་བཅུ་གཉིས་ཀྱི་རིང་རྒྱལ་སྲིད་བཟུང༌། དེའི་རིང་རྒྱ་དང་སོག་པོའི་ས་མཚམས་སུ་ལྕགས་རི་རིང་པོ་ཞེས་འཛམ་གླིང་ཐོག་སྙན་གྲགས་དང་ལྡན་པ་དེ་བརྩིགས། བློན་པོ་རྣམས་ཀྱིས་ཕོགས་བླངས་ཏེ་རྒྱལ་ཁབ་ཀྱི་ལས་དོན་སྒྲུབ་པའི་སྲོལ་བཙུགས། ཧོའང་གསུམ་དང་དྷི་ལྔ་ལས་རང་གི་ཡོན་ཏན་ལྷག་གོ་ཞེས་ཧོའང་དང་དྷི་གཉིས་ཀའི་མིང་མཉམ་དུ་གཤིབས་ཏེ་བཏགས་ནས་བཟུང་གོང་མ་རིམ་ཅན་ཚང་མར་ཧུའང་དྷིའི(皇帝)མིང་ཆགས་པ་ཡིན་ཞེས<<རྒྱ་ནག་ཆོས་འབྱུང>>ལས་བཤད། དེ་རྗེས་དེའི་བུ་ཐ་ཆུང་ཧོར་གྱི་མིང་ཅན་རྒྱལ་སར་བཞག་པ་ལོ་གསུམ་གྱི་ཐོག་ཉུག་རུམ་པ་ཅོའུ་གའུ་ངོ་ལོག་ནས་རྒྱལ་པོ་བཀྲོངས། རྒྱལ་ཁབ་རྣམས་ཁ་འཐོར། དེ་ནས་ཧན་ཀའུ་དྷིས(ཧན་ཀའོ་ཛུང)ལོ་ལྔར་སྲིད་བཟུང༌། དྷི་ནི་ཡོའུ་རྒྱལ་པོའི་བུ་བརྒྱུད་ཡིན་པས། ཧུའང་དྷིའི་གདུང་བརྒྱུད་ཡིན་ལ། སྔར་ཆིན་ཧྲི་ཧོའང་གི་སྐབས་ཁམས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་མི་དགོས་པར་བྱས་པ་རྣམས་སྔར་ཤུལ་དུ་གནས་བཅུག་སྟེ། ཁྲལ་ལེན་ཞིང་སྲོག་ལ་མི་དབང་བར་བྱས། རྒྱལ་སྲིད་ཀྱི་མིང་ལ་ཧན་ཟེར། དེ་ནས་རྒྱལ་རབས་བཅུ་གཉིས་པའི་སྐབས་ཨང་མང་ཞེས་པའི་བློན་པོ་གཅིག་གིས་ངོ་ལོག་བྱས་ནས་ལོ་བཅོ་བརྒྱད་ལ་སྲིད་བཟུང༌། དེ་ནས་ཧན་གྱི་བརྒྱུད་པ་གླེའུ་གོང་བུ(གླེ་སློང་བུ)ཞེས་པས་ཨང་མང་བསད་དེ་སྲིད་བཟུང༌། དེའི་བུ་ཧན་མིན་ཏི་ནས་བཟུང་ཧན་གྱི་རྒྱལ་རབས་ཉི་ཤུ་རྩ་དྲུག་བྱུང༌། ཧན་གྱི་རྒྱལ་པོ་རྣམས་རང་བཞིན་བཟང་ཞིང་ཡོན་ཏན་ཅི་རིགས་དང་ལྡན་པས་མ་ཚད། བློན་པོ་རྣམས་ཀྱང་དཔའ་མཛངས་དང་ལྡན་པ་མང་པོ་བྱུང་ཞིང་འཇིག་རྟེན་གྱི་དགོས་མཁོ་དང་བསྟུན་པའི་ལུགས་སྲོལ་ཇི་སྙེད་ཅིག་བཙུགས་པ་རྣམས་ཤིན་ཏུ་དཔྱད་བཟོད་པར་བརྟེན། ད་ལྟ་ཡང་རྒྱ་རིགས་ལ་ཧན་རེན་དང་རྒྱ་ཡིག་ལ་ཧན་ཝེན་ཅེས་འབོད་པ་ཡང་ཧན་རྒྱལ་རབས་ཀྱི་བག་ཆགས་ལས་བྱུང་བ་ཡིན་ཞེས<<རྒྱ་ནག་ཆོས་འབྱུང>>ལས་བཤད་དོ། །དེ་ནས་ཧན་གྱི་རྒྱལ་རབས་ཉི་ཤུ་རྩ་གཉིས་མན་ཆད་རྣམས<<ཆོས་འབྱུང་མཁས་པའི་དགའ་སྟོན>>གྱི་ལེ་ཚན་བཅུ་དྲུག་པའི་ཤོག་གྲངས༥ནས་མཇུག་མ་རྫོགས་བར་དང༌། <<དེབ་ཐེར་སྔོན་པོ>>ལེ་ཚན་དང་པོའི་ཤོག་གྲངས༢༣ནས་མཇུག་མ་རྫོགས་བར། <<དེབ་ཐེར་དམར་པོའི་ཚིག་འགྲེལ>>རྣམས་ལ་གཟིགས་དགོས་ཤིང༌། དེ་གཉིས་མ་མཐུན་པ་འགའ་ཞིག<<དེབ་ཐེར་སྔོན་པོ>>ལས་དྲངས་པ་དེ་དག་པ་དང༌། འགའ་ཞིག་<<ཆོས་འབྱུང་མཁས་པའི་དགའ་སྟོན>>ནས་དྲངས་པ་དེ་དག་པ་འདུག་ཅིང༌། <<དེབ་ཐེར་དམར་པོའི>>མ་དཔེ་ལ་ཡང་ཡི་གེ་འདྲ་མིན་གསུམ་ཙམ་འདུག་པ་བཅས། དེ་རྣམས་ཕན་ཚུན་བསྡུར་ནས་ཞིབ་ཆ་བྲིས་ན་ཡིག་ཚོགས་ཤིན་ཏུ་ཆེ་བས། འདིར་ཟུར་ཙམ་ཡང་འགོད་པར་མ་ནུས་པས། རྗེས་སུ་འདི་སྐོར་གྱི་དཔྱད་གཏམ་ཟུར་དུ་བྲིས་ན་ལེགས་པ་བཅས་དགོངས་འཇགས་ཞུ།

language:
Tibetan

10. Thupten Phuntsok Dictionary

(1) རྒྱལ་པོ་ཆེན་པོ། རྒྱ་ནག་གོང་མ། གོང་མའི་ཕོ་བྲང་། གོང་མ་ཆེན་པོ། གོང་མའི་རྒྱལ་ཁབ། (2) སྔ་རབས་ཀྱི་བླ་མ་དམ་པ། ས་སྐྱ་གོང་མ་ལྔ། བོན་གྱི་གོང་མ་ཆེ་དྲུག (3) སྔོན་མ་དང་། སྟེང་མ། རི་རབ་གོང་མ། རིམ་པ་གོང་མ། གོང་མའི་གོང་མ། ཁམས་གོང་མ། ས་གོང་མ།

language:
Tibetan

11. smon lam tshig mdzod chen mo

  • 1

    language:
    Tibetan
  • 1.རྒྱལ་པོ་ཆེན་པོ་སྟེ།

    Model Sentence

    (དཔེར་ན།) མངའ་བདག་གོང་མ། གོང་མའི་ཕོ་བྲང༌། གོང་མ་ཆེན་པོ། གོང་མའི་རྒྱལ་ཁབ་ཅེས་པ་ལྟ་བུ།

    language:
    Tibetan
  • 2.སྔ་རབས་ཀྱི་བླ་མ་དམ་པ་སྟེ།

    Model Sentence

    (དཔེར་ན།) ས་སྐྱ་གོང་མ་ལྔ། བོན་གྱི་གོང་མ་ཆེ་དྲུག་ཅེས་པ་ལྟ་བུ།

    language:
    Tibetan
  • 2.སྔོན་མ་དང༌། སྟེང་མའི་དོན་ཏེ།

    Model Sentence

    (དཔེར་ན།) མི་རབས་གོང་མ། རིམ་པ་གོང་མ། གོང་མའི་གོང་མ། ཁམས་གོང་མ། ས་གོང་མ་ཞེས་པ་ལྟ་བུ།

    language:
    Tibetan

12. Yogācāra Glossary

Sanskrit:


  • uttara
  • ūrdhva

13. Lokesh Chandra Tibetan-Sanskrit dictionary

Sanskrit:


  • uttara
  • uttama
  • upari
  • athi

14. Negi Tibetan-Sanskrit Dictionary

1. = སྟེང་མ ūrdhvam ṣaḍbhūmiko dharmajñānapakṣyo mārgo'dharabhūmikasyordhvabhūmikasya vā abhi.sphu.106ka/790; uttaraḥ དེ་ཉིད་ནི་འོག་མ་ལ་གོང་མའོ tattvamadharasyottarasyām vi.sū.15ka/16; paraḥ — གོང་མ་སྐྱེད་པར་བྱེད pareṇotpādayati abhi.bhā.15ka/918; abhi.sphu.173ka/918; uparimā ས་གོང་མ་ཐམས་ཅད་ལ uparimāsu bhūmiṣu śrā.bhū./35; aupariṣṭam — aupariṣṭasya vā dvārakoṣṭhasya vi.sū.33ka/42 2. = སྔོན་མ pūrvam གོང་མ་བཞིན་དུ pūrvavat vi.va.128kha/1.18; prāk གོང་མ་བཞིན prāgvat he.ta.14ka/42; pūrvakaḥ — pūrvakāṇāṃ caturṇāṃ bhrātṛṇām vi.va.198ka/1.71 3. = གཙོ་བོ anuttamaḥ, pradhānam a.ko.3.1.55 4. nā. uttarā, ceṭī — tataḥ sujātā… uttarāṃ nāma ceṭīmāmantrayate sma la.vi.132ka/195.

language:
Sanskrit
Sanskrit:


  • uttara
  • ūrdhva
  • uttama, upari, athi