- gong sman dkon cog phan dar/
- ID:
- T27318
- གོང་སྨན་དཀོན་ཅོག་ཕན་དར (Tibetan, Tibetan script, Original)
- > gong sman dkon cog phan dar/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gongmen könchok pendar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
in the 9th rabjung b gtzang sa skyar, at 9'i thog rang gi mes po dkon cog bde legs sogs bsten nas medicine dpyis phyin par sbyangs, the general oral instructions of medicine and especilly dpal ldan byang pa'i bzhed pa gtzo bor bstan nas 'gro don bskyangs, composed: rtsa rgyud kyi 'grel pa མེ་ལོང་མཐོང་གསལ་, man ngag gi skor la gso rig dgos 'dod 'byung ba ནོར་བུའི་ཕྲེང་བ་, nyams yig brgya rtsar grags pa rnams mdzad, had brgyud 'dzin gyi slob ma mnga' ris pa bde chen &, mang mkhar bde gling pa nyi ma grags etc]
- language:
- English
-
གོང་སྨན་དཀོན་ཅོག་ཕན་དར་ [in the 9th rabjung b gtzang sa skyar, at 9'i thog rang gi mes po dkon cog bde legs sogs bsten nas medicine dpyis phyin par sbyangs, the general oral instructions of medicine and especilly dpal ldan byang pa'i bzhed pa gtzo bor bstan nas 'gro don bskyangs, composed: rtsa rgyud kyi 'grel pa མེ་ལོང་མཐོང་གསལ་, man ngag gi skor la gso rig dgos 'dod 'byung ba ནོར་བུའི་ཕྲེང་བ་, nyams yig brgya rtsar grags pa rnams mdzad, had brgyud 'dzin gyi slob ma mnga' ris pa bde chen &, mang mkhar bde
- language:
- Tibetan
-
གོང་སྨན་དཀོན་ཅོག་ཕན་དར་
- language:
- Tibetan
2. bod rgya tshig mdzod chen mo
[373] རབ་བྱུང་དགུ་པའི་ནང་གཙང་ས་སྐྱར་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་རང་གི་མེས་པོ་དཀོན་ཅོག་བདེ་ལེགས་སོགས་བསྟེན་ནས་གསོ་བ་རིག་པ་དཔྱིས་ཕྱིན་པར་སྦྱངས། གསོ་བ་རིག་པའི་མན་ངག་སྤྱི་དང་ཁྱད་པར་དུ་དཔལ་ལྡན་བྱང་པའི་བཞེད་པ་གཙོ་བོར་བསྟན་ནས་འགྲོ་དོན་བསྐྱངས། གསུང་རྩོམ་ཡང་རྩ་རྒྱུད་ཀྱི་འགྲེལ་པ་མེ་ལོང་མཐོང་གསལ། མན་ངག་གི་སྐོར་ལ་གསོ་རིག་དགོས་འདོད་འབྱུང་བ་ནོར་བུའི་ཕྲེང་བ་ཞེས་བྱ་བ། ཉམས་ཡིག་བརྒྱ་རྩར་གྲགས་པ་རྣམས་མཛད། བརྒྱུད་འཛིན་གྱི་སློབ་མ་མངའ་རིས་པ་བདེ་ཆེན་དང། མང་མཁར་བདེ་གླིང་པ་ཉི་མ་གྲགས་སོགས་བྱུང། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
རབ་བྱུང་དགུ་པའི་ལྕགས་ལུག(༡༥༡༡)ལོར་གཙང་ས་སྐྱར་ཡབ་ཆོས་ཀྱི་རྒྱལ་མཚན་དང་ཡུམ་ཇོ་བཙུན་ཆོས་སྐྱོང་བཟང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་སྐུ་ཞང་དཀོན་ཅོག་བདེ་ལེགས་བསྟེན་ནས་ཡི་གེ་འབྲི་ཀློག་ལ་སློབ་གཉེར་མཛད། ཡབ་སྐུ་གཤེགས་རྗེས་ཡུམ་གྱིས་གོང་སྨན་དཀོན་ཅོག་བདེ་ལེགས་ལ་གསོལ་བ་བཏབ་སྟེ་གསོ་བ་རིག་པ་ལ་སྦྱངས་པ་གནང་དུ་བཅུག་པས། དེ་ནས་བཟུང་སྒོ་གསུམ་སྐྱོ་ངལ་མེད་པར་རྩོལ་བ་ཆེན་པོས་གསོ་བ་རིག་པའི་གཞུང་ལུགས་སྤྱི་དང་ཁྱད་པར་དུ་དཔལ་ལྡན་བྱང་པའི་བཞེད་པ་གཙོ་བོར་བསྟེན་ནས་འགྲོ་དོན་བསྐྱངས། དགུང་ལོ་ཉེར་ལྔ་ལ་ཡུམ་སྐུ་གཤེགས་རྗེས་ལྕེ་སྨན་རྒྱལ་མཚན་གྱི་གདན་སར་བཞུགས། ས་སྐྱ་སྨན་གྲོང་དུ་བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ཀྱི་དྲུང་ནས་བརྒྱད་པ་དང༌། མན་ངག་གསེར་བྲེ། དངུལ་བྲེ། བདུད་རྩི་བུམ་ཆེན་སོགས་ལུང་དང་མན་ངག་དུ་མ་གསན། གོང་སྨན་དཀོན་ཅོག་བདེ་ལེགས་གཤེགས་རྗེས་སྡེ་སྲིད་སེང་གེ་རྩེའི་བླ་སྨན་ཕྱག་ཕྱིར་ལོ་ཤས་བཞུགས། དེ་རྗེས་ལ་སྟོད་ལ་ཕྱིར་ལོག་ཕེབས་ཏེ་རེ་ཞིག་འགྲོ་དོན་འཆདཉན་སོགས་གོང་འཕེལ་གྱིས་སློབ་མ་མང་དག་ཅིག་ཐོན། ཕྱི་རྒྱུད་ཀྱི་ལག་ལེན་བཅོ་བརྒྱད་པོ་འདི་དག་གོ་བ་བློ་ཡུལ་གསལ་བར་མཛད་དེ་དབུས་གཙང་ན་འགྲན་ཟླ་དང་བྲལ་བའི་སྨན་པ་ཀུན་གྱི་གཙུག་རྒྱན་དུ་གྱུར་ནས་སྙན་གྲགས་གང་སར་ཁྱབ། གསུང་རྩོམ་ཡང<<རྩ་རྒྱུད་ཀྱི་འགྲེལ་པ་མེ་ལོང་མཐོང་གསལ>>དང༌། མན་ངག་གི་སྐོར་ལ<<གསོ་རིག་དགོས་འདོད་བྱུང་བ་ནོར་བུའི་ཕྲེང་བ>><<ཉམས་ཡིག་བརྒྱ་རྩ>><<གསོ་རིག་དགོས་པ་དོན་བསྡུས་མེ་ལོང་མཐོང་གསལ>>སོགས་བརྩམས། རྒྱུད་འཛིན་གྱི་སློབ་མ་མངའ་རིས་པ་བདེ་ཆེན་དང༌། མང་མཁར་བདེ་གླིང་པ། ཉི་མ་གྲོགས་སོགས་ཀྱིས་གཙོས་བུ་སློབ་བཞི་བརྒྱ་ལྷག་ཙམ་བྱུང༌། སྐུ་ཚེ་ཧྲིལ་པོར་བུ་སློབ་དང་ནད་པའི་དོན་དུ་ཉིན་མཚན་སྐྱོ་ངལ་མེད་པར་རྒྱལ་ཁམས་ཞབས་ཀྱིས་བཅགས། གསོ་རིག་གི་གཞུང་འཆད་པ་དང༌། རྩོམ་པ། ཉམས་སུ་ལེན་པ་བཅས་ལ་གཞོལ། དགུང་ལོ་རེ་དྲུག་ལ་ཕེབས་པ་རབ་བྱུང་བཅུ་པའི་མེ་བྱི(༡༥༧༦)ལོར་གཤེགས།
- language:
- Tibetan
4. Thupten Phuntsok Dictionary
རབ་བྱུང་དགུ་པའི་ནང་གཙང་ས་སྐྱར་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་རང་གི་མེས་པོ་དཀོན་ཅོག་བདེ་ལེགས་སོགས་བསྟེན་ནས་གསོ་བ་རིག་པ་དཔྱིས་ཕྱིན་པར་སྦྱངས། གསོ་བ་རིག་པའི་མན་ངག་སྤྱི་དང་ཁྱད་པར་དུ་དཔལ་ལྡན་བྱང་པའི་བཞེད་པ་གཙོ་བོར་བསྟན་ནས་འགྲོ་དོན་བསྐྱངས། གསུང་རྩོམ་ཡང་རྩ་རྒྱུད་ཀྱི་འགྲེལ་པ་མེ་ལོང་མཐོང་གསལ། མན་ངག་གི་སྐོར་ལ་གསོ་རིགས་དགོས་འདོད་འབྱུང་བ་ནོར་བུའི་ཕྲེང་བ་ཞེས་བྱ་བ། ཉམས་ཡིག་བརྒྱ་རྩར་གྲགས་པ་རྣམས་མཛད། བརྒྱུད་འཛིན་གྱི་སློབ་མ་མངའ་རིས་པ་བདེ་ཆེན་དང་། མང་མཁར་བདེ་གླིང་པ་ཉི་མ་གྲགས་སོགས་བྱུང་། སྐུ་ཚེ་ཧྲིལ་པོར་བུ་སློབ་དང་ནད་པའི་དོན་དུ་ཉིན་མཚན་སྐྱོ་ངལ་མེད་པར་རྒྱལ་ཁམས་ཞབས་ཀྱིས་བཅགས། གསོ་རིག་གི་གཞུང་འཆད་པ་དང་། རྩོམ་པ། ཉམས་སུ་ལེན་པ་བཅས་ལ་གཞོལ། དགུང་ལོ་རེ་དྲུག་ལ་ཕེབས་པ་རབ་བྱུང་བཅུ་པའི་མེ་བྱི་ (༡༥༧༦) ལོར་གཤེགས།
- language:
- Tibetan
5. smon lam tshig mdzod chen mo
རབ་བྱུང་དགུ་པའི་ནང་གཙང་ས་སྐྱར་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་རང་གི་མེས་པོ་དཀོན་ཅོག་བདེ་ལེགས་སོགས་བསྟེན་ནས་གསོ་བ་རིག་པ་དཔྱིས་ཕྱིན་པར་སྦྱངས། གསོ་བ་རིག་པའི་མན་ངག་སྤྱི་དང་ཁྱད་པར་དུ་དཔལ་ལྡན་བྱང་པའི་བཞེད་པ་གཙོ་བོར་བསྟན་ནས་འགྲོ་དོན་བསྐྱངས། གསུང་རྩོམ་ཡང་རྩ་རྒྱུད་ཀྱི་འགྲེལ་པ་མེ་ལོང་མཐོང་གསལ། མན་ངག་གི་སྐོར་ལ་གསོ་རིག་དགོས་འདོད་འབྱུང་བ་ནོར་བུའི་ཕྲེང་བ་ཞེས་བྱ་བ། ཉམས་ཡིག་བརྒྱ་རྩར་གྲགས་པ་རྣམས་མཛད། བརྒྱུད་འཛིན་གྱི་སློབ་མ་མངའ་རིས་པ་བདེ་ཆེན་དང༌། མང་མཁར་བདེ་གླིང་པ་ཉི་མ་གྲགས་སོགས་བྱུང༌།
- language:
- Tibetan
6. gangs can mkhas grub rim byon ming mdzod
ཁོང་ནི་དུས་རབས་བཅུ་དྲུག་པའི་དུས་སྟོད་ཙམ་དུ་གཙང་ས་སྐྱར་སྐུ་འཁྲུངས་པའི་མི་ཞིག་ཡིན། ཁོང་དགུང་ལོ་དགུ་པ་ནས་བཟུང་མེས་པོ་དཀོན་ཅོག་བདེ་ལེགས་སོགས་སློབ་དཔོན་དུ་བསྟེན་ཏེ་གསོ་བ་རིག་པ་དཔྱིས་ཕྱིན་པར་སྦྱངས། གསོ་བ་རིག་པའི་མན་ངག་སྤྱི་དང་། ཁྱད་པར་དུ་དཔལ་ལྡན་བྱང་པའི་བཞེད་པ་གཙོ་བོར་བསྟེན་ནས་འགྲོ་དོན་མཛད། ཁོང་གི་གསུང་རྩོམ་ནི《རྩ་རྒྱུད་ཀྱི་འགྲེལ་པ་མེ་ལོང་མཐོང་གསལ》དང་། མན་ངག་གི་སྐོར་ལ《གསོ་རིག་དགོས་འདོད་འབྱུང་བ་ནོར་བུའི་ཕྲེང་བ》། 《ཉམས་ཡིག་བརྒྱ་རྩ》བཅས་བཞུགས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་མངའ་རིས་པ་བདེ་ཆེན་དང་། མང་མཁར་བདེ་གླིང་པ་ཉི་མ་གྲགས་པ་གཉིས་ཡིན།།
- language:
- Tibetan