- grum nag
- ID:
- T29607
- གྲུམ་ནག (Tibetan, Tibetan script, Original)
- > grum nag (Tibetan, Latin script, Transliteration-THL Extended Wylie Transliteration)
- > drumnak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
ནད་ཀྱི་རང་མདོག་ལ་བལྟོས་ནས་བཏགས་པའི་ཁྲག་མཁྲིས་ཚ་བ་ཤས་ཆེ་བའི་གྲུམ་བུའི་ནད་རིགས་ཤིག་གི་མིང་སྟེ། གོང་སྨན་དཀོན་ཅོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར་ལས། གྲུམ་ནག་ཁྲག་མཁྲིས་ཚ་བ་ཤས་ཆེ་བས། སྐྲངས་མདོག་ནག་ཅིང་ཟུག་ཆེ་རྩ་ཆུ་ཚ། ཞེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་ལྷན་ཐབས་ལས། བྱེ་བྲག་གྲུམ་དཀར་ཟུག་ཆུང་རྩ་ཆུ་གྲང་། གྲུམ་ནག་ཟུག་ཆེ་མདོག་ནག་རྩ་ཆུ་ཚ། གཡོ་སྐམ་སྣ་ཁྲག་འཛག་ཅིང་སྙིང་མི་དགའ། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan