- grwa pa mngon shes can/
- ID:
- T30405
- གྲྭ་པ་མངོན་ཤེས་ཅན (Tibetan, Tibetan script, Original)
- > grwa pa mngon shes can/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > drapa ngönshechen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
the Monk Learned in Abhidharma also known as ཤེས་རབ་རྒྱལ་བ་, དབང་ཕྱུག་འབར་ [1012]. Revealed terma on medicine
- language:
- English
2. Ives Waldo Dictionary
-
= shes rab rgyal ba or dbang phyug 'bar [b before the 1st rabjung water male mouse yr in g.yo ru, from when he was small went to བསམ་ཡས་ཆོས་གྲྭ་; klu mes kyi mkhan bu yam shud rgyal ba 'od las took ordination, w name dbang phyug 'bar, from his khu bo ཞང་སྟོན་ཆོས་འབར་ sutras and tantras and medicine, pha dam pa sangs rgyas's zhi byed teachings, from the Kasmirir pan chen ཟླ་བ་མགོན་པོ་ he learned sbyor drug gi gdams pa etc., yul grva la 'khrungs pas grva pa &, byextensive knowledge of abhidharma known as mngon shes; khyad par du bsam yas dbu rtze'i bar khang gi ka ba bum pa can gyi 'og nas medicine དཔལ་ལྡན་རྒྱུད་བཞི་ ma dpe earth male tiger 1st month of autumn 15th day nam phyed chu tshod 3rd gter nas gdan drangs shing dpe las bshus te phyi mo rang gnas su bzhugs, bu dpe lo gcig gsang ste phyis su yar lung gi dge bshes khu ston dbus pa dar ma grags pa la gnang, gra nang gi mdar dpal gra thang gi chos grva chen po phyag btab, gsung rtzom du summarizing the rtantras etc. composed various shastras, at 79 died.
- language:
- English
-
= shes rab rgyal ba or dbang phyug 'bar
- language:
- English
-
1) the Monk learned in abhidharma also known as ཤེས་རབ་རྒྱལ་བ་., དབང་ཕྱུག་འབར་. [1012]; 2) Revealed terma on medicine ?
- language:
- English
3. bod rgya tshig mdzod chen mo
[416] མཚན་གཞན་ཤེས་རབ་རྒྱལ་བའམ་དབང་ཕྱུག་འབར་ཏེ། རབ་བྱུང་དང་པོ་མ་ཤར་བའི་སྔོན་གྱི་ཆུ་ཕོ་བྱི་བའི་ལོ་ལ་གཡོ་རུ་ལ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བསམ་ཡས་ཀྱི་ཆོས་གྲྭར་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང། མཚན་དབང་ཕྱུག་འབར་ཞེས་བཏགས། རང་གི་ཁུ་བོ་ཞང་སྟོན་ཆོས་འབར་ལས་མདོ་སྔགས་ཀྱི་ཆོས་སྐོར་དང་གསོ་བ་རིག་པ། ཕ་དམ་པ་སངས་རྒྱས་ལས་ཞི་བྱེད་སྐོར། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ལས་སྦྱོར་དྲུག་གི་གདམས་པ་སོགས་གསན། ཡུལ་གྲྭ་ལ་འཁྲུངས་པས་གྲྭ་པ་དང། ཆོས་མངོན་པ་ལ་མཁྱེན་རྒྱ་རྒྱས་པས་མངོན་ཤེས་ཞེས་གྲགས་པར་གྱུར། ཁྱད་པར་དུ་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་གྱི་འོག་ནས་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་མ་དཔེ་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ཆུ་ཚོད་གསུམ་པར་གཏེར་ནས་གདན་དྲངས་ཤིང་དཔེ་ལས་བཤུས་ཏེ་ཕྱི་མོ་རང་གནས་སུ་བཞུགས། བུ་དཔེ་ལོ་གཅིག་གསང་སྟེ་ཕྱིས་སུ་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དབུས་པ་དར་མ་གྲགས་པ་ལ་གནང། གྲ་ནང་གི་མདར་དཔལ་གྲ་ཐང་གི་ཆོས་གྲྭ་ཆེན་པོ་ཕྱག་བཏབ། གསུང་རྩོམ་དུ་རྒྱུད་ཀྱི་བསྡུས་དོན་སོགས་བསྟན་བཅོས་སྣ་ཚོགས་བརྩམས། དགུང་ལོ་བདུན་ཅུ་རྩ་དགུའི་ཐོག་དགོངས་པ་གཤེགས། ...
- language:
- English
4. dung dkar bod rig pa'i tshig mdzod chen mo
མཚན་གཞན་ཤེས་རབ་རྒྱལ་བའམ་དབང་ཕྱུག་འབར་ཏེ། འདི་ཉིད་བོད་ཆུ་བྱི་(༡༠༡༢)ལོར་གྲ་ནང་ཁུལ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བསམ་ཡས་ཀྱི་ཆོས་གྲྭར་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང༌། མཚན་ཤེས་རབ་རྒྱལ་བར་བཏགས། དེར་འདུལ་བ་ལོ་གཅིག་གསན། རང་གི་ཁུ་བོ་ཞང་སྟོན་ཆོས་འབར་ལས་མདོ་སྔགས་ཀྱི་ཆོས་སྐོར་དང༌། གསོ་བ་རིག་པ། ཕ་དམ་པ་སངས་རྒྱས་ལས་ཞི་བྱེད་སྐོར་དགུཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ལས་སྦྱོར་དྲུག་གི་གདམས་པ་སོགས་གསན། ཡུལ་གྲ་ལ་འཁྲུངས་པས་གྲྭ་པ་དང༌། ཆོས་མངོན་པ་ལ་མཁྱེན་རྒྱ་རྒྱས་པས་མངོན་ཤེས་ཞེས་གྲགས་པར་གྱུར། ཁྱད་པར་དུ་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་གྱི་འོག་ནས་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་མ་དཔེ་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ཙམ་ལ་གཏེར་ནས་གདན་དྲངས་ཤིང་དཔེ་ལས་བཤུས་ཏེ་ཕྱི་མོ་རང་གནས་སུ་བཞུགས། བུ་དཔེ་ལོ་གཅིག་གསང་སྟེ་ཕྱིས་སུ་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དབུས་པ་དར་མ་གྲགས་ལ་གནང༌། དགུང་ལོ་བདུན་ཅུ་པར་གྲ་ནང་མདར་དཔལ་གྲ་ཐང་གི་རྨང་བཏིང༌། དགུང་ལོ་བདུན་ཅུ་དོན་དགུ་པ་རབ་བྱུང་གཉིས་པའི་ལྕགས་རྟ(༡༠༩༠)ལོར་ཞི་བར་གཤེགས་པའི་ཚེ་ཕལ་ཆེར་གྲུབ་པ་ལ། ལྷག་པ་ཅུང་ཟད་ཡོད་པ་རྣམས་དབོན་པོ་འབྱུང་ཤེས་དང་འབྱུང་ཚུལ་གཉིས་ཀྱིས་ལོ་གསུམ་ནང་ལེགས་པར་བསྒྲུབས། འདི་ཉིད་ཀྱིས་རྒྱུད་ཀྱི་བསྡུས་དོན་སོགས་ཕྱག་རྩོམ་གནང་ཞིང༌། སློབ་མ་ཡང་གྲ་སྟོན་འབུམ་ལྷས་འབར་དང༌། གདོན་ཆུང་སྟོན་པ། དགེ་བཤེས་ལྷབས། བྷནྡྷ་བྱང་ཆུབ་སེམས་དཔའ་སོགས་བྱུང༌།
- language:
- Tibetan
5. Thupten Phuntsok Dictionary
མཚན་གཞན་ཤེས་རབ་རྒྱལ་བའམ་དབང་ཕྱུག་འབར་ཏེ། རབ་བྱུང་དང་པོ་མ་ཤར་བའི་སྔོན་གྱི་ཆུ་ཕོ་བྱི་བའི་ལོ་ལ་གཡོ་རུ་ལ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བསམ་ཡས་ཀྱི་ཆོས་གྲྭར་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང་། མཚན་དབང་ཕྱུག་འབར་ཞེས་བཏགས། རང་གི་ཁུ་བོ་ཞང་སྟོན་ཆོས་འབར་ལས་མདོ་སྔགས་ཀྱི་ཆོས་སྐོར་དང་གསོ་བ་རིག་པ། ཕ་དམ་པ་སངས་རྒྱས་ལས་ཞི་བྱེད་སྐོར། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ལས་སྦྱོར་དྲུག་གི་གདམས་པ་སོགས། ཡུལ་གྲྭ་ལ་འཁྲུངས་པས་གྲྭ་པ་དང་། ཆོས་མངོན་པ་ལ་མཁྱེན་རྒྱ་རྒྱས་པས་མངོན་ཤེས་ཞེས་གྲགས་པར་གྱུར། ཁྱད་པར་དུ་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་གྱི་འོག་ནས་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་མ་དཔེ་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ཆུ་ཚོད་གསུམ་པར་གཏེར་ནས་གདན་དྲངས་ཤིང་དཔེ་ལས་བཤུས་ཏེ་ཕྱི་མོ་རང་གནས་སུ་བཞུགས། བུ་དཔེ་ལོ་གཅིག་གསང་སྟེ་ཕྱིས་སུ་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དབུས་པ་དར་མ་གྲགས་པ་ལ་གནང་། གྲ་ནང་གི་མདར་དཔལ་གྲ་ཐང་གི་ཆོས་གྲྭ་ཆེན་པོ་ཕྱག་བཏབ། གསུང་རྩོམ་དུ་རྒྱུད་ཀྱི་བསྡུས་དོན་སོགས་བསྟན་བཅོས་སྣ་ཚོགས་བརྩམས། དགུང་ལོ་བདུན་ཅུ་རྩ་དགུའི་ཐོག་དགོངས་པ་གཤེགས།
- language:
- Tibetan
6. smon lam tshig mdzod chen mo
མཚན་གཞན་ཤེས་རབ་རྒྱལ་བའམ་དབང་ཕྱུག་འབར་ཏེ། རབ་བྱུང་དང་པོ་མ་ཤར་བའི་སྔོན་གྱི་ཆུ་ཕོ་བྱི་བའི་ལོ་ལ་གཡོ་རུ་ལ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བསམ་ཡས་ཀྱི་ཆོས་གྲྭར་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང༌། མཚན་དབང་ཕྱུག་འབར་ཞེས་བཏགས། རང་གི་ཁུ་བོ་ཞང་སྟོན་ཆོས་འབར་ལས་མདོ་སྔགས་ཀྱི་ཆོས་སྐོར་དང་གསོ་བ་རིག་པ། ཕ་དམ་པ་སངས་རྒྱས་ལས་ཞི་བྱེད་སྐོར། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ལས་སྦྱོར་དྲུག་གི་གདམས་པ་སོགས་གསན། ཡུལ་གྲྭ་ལ་འཁྲུངས་པས་གྲྭ་པ་དང༌། ཆོས་མངོན་པ་ལ་མཁྱེན་རྒྱ་རྒྱས་པས་མངོན་ཤེས་ཞེས་གྲགས་པར་གྱུར། ཁྱད་པར་དུ་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་གྱི་འོག་ནས་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་མ་དཔེ་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ཆུ་ཚོད་གསུམ་པར་གཏེར་ནས་གདན་དྲངས་ཤིང་དཔེ་ལས་བཤུས་ཏེ་ཕྱི་མོ་རང་གནས་སུ་བཞུགས། བུ་དཔེ་ལོ་གཅིག་གསང་སྟེ་ཕྱིས་སུ་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དབུས་པ་དར་མ་གྲགས་པ་ལ་གནང༌། གྲ་ནང་གི་མདར་དཔལ་གྲ་ཐང་གི་ཆོས་གྲྭ་ཆེན་པོ་ཕྱག་བཏབ། གསུང་རྩོམ་དུ་རྒྱུད་ཀྱི་བསྡུས་དོན་སོགས་བསྟན་བཅོས་སྣ་ཚོགས་བརྩམས། དགུང་ལོ་བདུན་ཅུ་རྩ་དགུའི་ཐོག་དགོངས་པ་གཤེགས།
- language:
- Tibetan