- gling ras pad+ma rdo rje/
- ID:
- T30909
- གླིང་རས་པདྨ་རྡོ་རྗེ (Tibetan, Tibetan script, Original)
- > gling ras pad+ma rdo rje/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > lingré padmadojé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. bod rgya tshig mdzod chen mo
[424] རབ་བྱུང་གཉིས་པའི་ས་ཕོ་སྤྲེལ་གྱི་ལོར་གཙང་མྱང་སྟོད་དུ་འཁྲུངས། རང་ལོ་སོ་བརྒྱད་པར་ཕག་མོ་གྲུབ་པའི་སློབ་མར་གྱུར། རབ་བྱུང་གསུམ་པའི་ས་སྤྲེལ་ལོ་སྣ་ཕུ་དགོན་པར་གཤེགས། དེའི་བརྒྱུད་འཛིན་གྱི་གཙོ་བོ་གཙང་པ་རྒྱ་རས་ཀྱིས་སྐྱིད་སྨད་གནམ་གྱི་ཕུར་འབྲུག་དགོན་པ་བཏབ་པས་འབྲུག་པ་བཀའ་བརྒྱུད་ཅེས་པའི་གྲུབ་མཐའི་མིང་ཆགས། ...
- language:
- English
2. dung dkar bod rig pa'i tshig mdzod chen mo
འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ། རྗེ་འདི་ཉིད་རབ་བྱུང་གཉིས་པའི་ས་སྤྲེལ(༡༡༢༨)ལོར་ཡབ་རྒྱལ་པོ་སྐྱབ་བེ་བྱ་བ་སྔགས་དང་སྨན་རྩིས་ཀྱི་ཡོན་ཏན་ལྡན་པ་དང༌། ཡུམ་གཟུས་མོ་དར་ཆུང་གཉིས་ཀྱི་སྲས་སུ་གཙང་མྱང་སྟོད་དུ་སྐུ་འཁྲུངས། མཚན་ལ་པདྨ་རྡོ་རྗེ་ཞེས་བཏགས། དགུང་ལོ་དགུ་ལ་ཀློག་བསླབས། དགུང་ལོ་བཅུ་བདུན་ལོར་སློབ་དཔོན་གླིང་རས་ལས་དགེ་བསྙེན་མཛད། དགུང་ལོ་སོ་བརྒྱད་པར་འགྲོ་མགོན་ཕག་མོ་གྲུ་པའི་སློབ་མར་གྱུར། ཕག་གྲུའི་སྐུ་མདུན་ནས་ལྷན་ཅིག་སྐྱེས་སྦྱོར་གསན་པས་ཆུ་བོ་གདཱ་ཚུན་ན་ལྟ་བ་བཟང་བར་གྲགས། དབྱར་ཟླ་གསུམ་ཕག་གྲུར་བཞུགས། བུད་མེད་སྔོན་མོ་ཞིག་གིས་མདོ་རྒྱུད་ཀྱི་ལུང་གནང་བའི་སྣང་བ་བྱུང་བ་དེ་ནས་མདོ་རྒྱུད་རང་དབང་དུ་འགྲེལ་བའི་སྤོབས་པ་ཐོབ། བཀའ་འགྱུར་ཐུགས་ལ་ཞུགས། སྤྱིར་རྒྱུད་ཀྱི་རྣམ་བཤད་དང༌། སེམས་ཀྱི་རྡོ་རྗེའི་བསྟོད་པ་དང༌། རྣལ་འབྱོར་འཇུག་པ་དང༌། བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་བརྩམས་ཤིང༌། བླ་མ་སྐྲུབ་པའི་ཕྱག་བཞེས་ཀྱང་རྗེ་བཙུན་གླིང་རས་པ་ནས་བྱུང་བ་ཡིན། ཕྱིས་སྣ་ཕུ་ཆོས་ལུང་དུ་དགོན་པའི་གཞི་བཟུང་ནས་གཞན་དོན་མང་དུ་བསྐྱངས། མཐར་དགུང་ལོ་རེ་གཅིག་པ་རབ་བྱུང་གསུམ་པའི་ས་སྤྲེལ(༡༡༨༨)ལོའི་དབྱར་ཟླ་ར་བའི་ཉེར་བརྒྱད་ལ་སྐུ་གཤེགས། ཁོང་གི་སློབ་མའི་གཙོ་བོ་གཙང་པ་རྒྱ་རས་ཡིན་ཞིང༌། ཡབ་སྲས་འདི་ཉིད་ལས་བརྒྱུད་པའི་ཆོས་བརྒྱུད་ལ་འབྲུག་པ་བཀའ་བརྒྱུད་ཟེར།
- language:
- Tibetan
3. Thupten Phuntsok Dictionary
རབ་བྱུང་གཉིས་པའི་ས་ཕོ་སྤྲེལ་གྱི་ལོར་གཙང་མྱང་སྟོད་དུ་འཁྲུངས། རང་ལོ་སོ་བརྒྱད་པར་ཕག་མོ་གྲུབ་པའི་སློབ་མར་གྱུར། རབ་བྱུང་གསུམ་པའི་ས་སྤྲེལ་ལོ་སྣ་ཕུ་དགོན་པར་གཤེགས། དེའི་བརྒྱུད་འཛིན་གྱི་གཙོ་བོ་གཙང་པ་རྒྱ་རས་ཀྱིས་སྐྱིད་སྨད་གནམ་གྱི་ཕུར་འབྲུག་དགོན་པ་བཏབ་པས་འབྲུག་པ་བཀའ་བརྒྱུད་ཅེས་པའི་གྲུབ་མཐའི་མིང་ཆགས།
- language:
- Tibetan
4. smon lam tshig mdzod chen mo
རབ་བྱུང་གཉིས་པའི་ས་ཕོ་སྤྲེལ་གྱི་ལོར་གཙང་མྱང་སྟོད་དུ་འཁྲུངས། རང་ལོ་སོ་བརྒྱད་པར་ཕག་མོ་གྲུབ་པའི་སློབ་མར་གྱུར། རབ་བྱུང་གསུམ་པའི་ས་སྤྲེལ་ལོ་སྣ་ཕུ་དགོན་པར་གཤེགས། དེའི་བརྒྱུད་འཛིན་གྱི་གཙོ་བོ་གཙང་པ་རྒྱ་རས་ཀྱིས་སྐྱིད་སྨད་གནམ་གྱི་ཕུར་འབྲུག་དགོན་པ་བཏབ་པས་འབྲུག་པ་བཀའ་བརྒྱུད་ཅེས་པའི་གྲུབ་མཐའི་མིང་ཆགས།
- language:
- Tibetan
5. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1128 ལོར་གཙང་མྱང་སྟོད་ཀྱི་གླིང་སྨད་པར་ཡབ་རྒྱལ་པོ་སྐྱབ་བེ་དང་། ཡུམ་གཟུས་མོ་དར་ཆུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1188 ལོར་སྐུ་གཤེགས། དགུང་ལོ་དགུ་པར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། དགུང་ལོ་བཅུ་གསུམ་པར་ཡོན་ཏན་ཤིན་ཏུ་ཆེ་བར་གྱུར། སློབ་དཔོན་དཔལ་གཡང་དང་དབུས་པ་ཞང་ར་ལོ་ཙཱ་བ་སོགས་ལས་རྒྱུད་དང་གདམས་ངག་མང་དུ་གསན། དགུང་ལོ་སོ་བརྒྱད་པར་དཔལ་ཕག་མོ་གྲུ་པ་མཇལ་ནས་ཁྲིད་གསན་ཏེ་སྒོམ་པས་ཞག་གསུམ་ལ་རྟོགས་པ་ཁྱད་པར་ཅན་འཁྲུངས། ལོ་བདུན་ཟླ་བདུན་ཞག་བདུན་དུ་མཚམས་བཅད་དེ་རྟོགས་པ་ཕུལ་བས་བླ་མ་ཤིན་ཏུ་དགྱེས། དེ་ནས་ཕྱོགས་ཐམས་ཅད་དུ་ཕེབས་ནས་འགྲོ་དོན་མཛད། ཕྱིས་སུ་ཁོང་གིས་སྣ་ཕུ་དགོན་བ་གསར་འདེབས་མཛད། ཁོང་གི་སློབ་མ་གཙོ་བོ་ནི་གཙང་པ་རྒྱ་རས་པ་ཡེ་ཤེས་རྡོ་རྗེ་ཡིན། ཁོང་གི་གསུང་རྩོམ་ནི《རྒྱུད་ཀྱི་རྣམ་བཤད》དང་། 《སེམས་ཀྱི་རྡོ་རྗེའི་བསྟོད་པ》། 《རྣལ་འབྱོར་འཇུག་པ》། 《བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག》། 《བླ་མ་སྒྲུབ་པའི་ཕྱག་བཞེས》བཅས་བཞུགས་སོ།།
- language:
- Tibetan