- glog 'don khang /
- ID:
- T31429
- གློག་འདོན་ཁང (Tibetan, Tibetan script, Original)
- > glog 'don khang / (Tibetan, Latin script, Transliteration-THL Extended Wylie Transliteration)
- > londönkhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
བོད་ཀྱི་གློག་འདོན་ཁང་ཐོག་མ་སྟེ་དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཤིང་བྱི(༡༩༢༤)ལོར་རྒྱ་གར་ནས་གློག་འདོན་འཕྲུལ་འཁོར་ཡོ་ཆས་ཆ་ཚང་ཞིག་བོད་དུ་འདོན་འདྲེན་གནང་རྒྱུའི་སྐབས་དེར་བོད་དུ་གློག་ལས་ཀྱི་ཤེས་ཡོན་ཡོད་པ་བྱང་ངོས་རིག་འཛིན་རྡོ་རྗེ་རྒྱུས་མངའི་བབས་ཀྱིས་གཏོང་གནང་གིས་གློག་ཆས་བོད་དུ་སླེབས་རྗེས་དོག་བདེ་ས་གནས་སུ་གློག་ཁང་གསར་རྒྱག་བགྱིས་ཏེ་ཐོག་མར་ནོར་གླིང་ཕོ་བྲང་ཡས་མས་སུ་གློག་གཏོང་འགོ་ཚུགས་པ་དང༌། དེ་ནས་རིམ་བཞིན་ལྷ་ས་རྗེ་འབུམ་སྒང་དུ་གློག་ཁང་གསར་རྒྱག་གིས་གྲོང་ཁྱེར་དང༌། གྲ་བཞི་གློག་འཕྲུལ་ལས་ཁུངས་ཀྱི་ཐོན་སྐྱེད་ལའང་བེད་སྤྱོད་གཏོང་ཐུབ་པ་བྱུང་ཞིང༌། སྐབས་དེར་གློག་ཁང་གི་ཐོག་མའི་གཙོ་འགན་འཁུར་མི་ལྷ་གཉེར་རིམ་བཞི་བྱང་ངོས་པ་རིག་འཛིན་རྡོ་རྗེ་དང༌། དེ་རྗེས་ལྷ་གཉེར་ཐང་སྨད་པ་བདུད་འདུལ་ཚེ་རིང་ཡིན།
- language:
- Tibetan
3. Thupten Phuntsok Dictionary
བོད་ཀྱི་གློག་འདོན་ཁང་ཐོག་མ་སྟེ་དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཤིང་བྱི (༡༩༢༤) ལོར་རྒྱ་གར་ནས་གློག་འདོན་འཕྲུལ་འཁོར་ཡོ་ཆས་ཆ་ཚང་ཞིག་བོད་དུ་འདོན་འདྲེན་གནང་རྒྱུའི་སྐབས་དེར་བོད་དུ་གློག་ལས་ཀྱི་ཤེས་ཡོན་ཡོད་པ་བྱང་ངོས་རིག་འཛིན་རྡོ་རྗེ་རྒྱུས་མངའི་བབས་ཀྱིས་གཏོང་གནང་གིས་གློག་ཆས་བོད་དུ་སླེབས་རྗེས་དོག་བདེ་ས་གནས་སུ་གློག་ཁང་གསར་རྒྱག་བགྱིས་ཏེ་ཐོག་མར་ནོར་གླིང་ཕོ་བྲང་ཡས་མས་སུ་གློག་གཏོང་འགོ་ཚུགས་པ་དང་། དེ་ནས་རིམ་བཞིན་ལྷ་ས་རྗེ་འབུམ་སྒང་དུ་གློག་ཁང་གསར་རྒྱག་གིས་གྲོང་ཁྱེར་དང་། གྲ་བཞི་གློག་འཕྲུལ་ལས་ཁུངས་ཀྱི་ཐོན་སྐྱེད་ལའང་བེད་སྤྱོད་གཏོང་ཐུབ་པ་བྱུང་ཞིང་། སྐབས་དེར་གློག་ཁང་གི་ཐོག་མའི་གཙོ་འགན་འཁུར་མ་ལྷ་གཉེར་རིམ་བཞི་བྱང་ངོས་པ་རིག་འཛིན་རྡོ་རྗེ་དང་། དེ་རྗེས་ལྷ་གཉེར་ཐང་སྨད་པ་བདུད་འདུལ་ཚེ་རིང་ཡིན།
- language:
- Tibetan