- dza lan d+ha ra
- ID:
- T318233
- ཛ་ལན་དྷ་ར (Tibetan, Tibetan script, Original)
- > dza lan d+ha ra (Tibetan, Latin script, Transliteration-THL Extended Wylie Transliteration)
- > dza len dha(?) ra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(ཛ་ལན་དྷ་ར)ཆུ་བོ་གངྒཱ་མཚོ་མ་ཕམ་ནས་མངའ་རིས་ཀྱི་ཡུལ་བརྒྱུད་དེ་ཉིན་འགའ་ཞིག་ལྷོ་ནུབ་ཕྱོགས་སུ་ཁ་གཏད་ནས་འབབ་ཅིང་། ཊི་ལིའམ་རྡི་ལིའི་བྱང་ཕྱོགས་ཧ་རི་དཱ་ཝ་ནས་ཤར་ཕྱོགས་སུ་འཁྱོགས་ནས་འབབ་པའི་བྱང་ངོས་རྒྱ་གར་དང་ཁ་ཆེའི་བར་གྱི་གནས་ཛ་ལ་མུག་གམ་ཛ་ལ་མུ་ཁེ་སྟེ། དེང་སང་ཀང་ར་ཞེས་འབོད་པའི་གནས་དེ་ཡིན་ཅིང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེ་ནི་གནས་ཆེན་ཉེར་བཞིའི་ནང་གི་ནུབ་ཕྱོགས་ཛ་ལན་ངྷ་ར་བྱ་བའི་གྲགས་ཆེན་དེ་ཡིན་ཞིང་། རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་དང་། དེའི་སློབ་མ་ཨོ་རྒྱན་པ་དང་། སྟག་ཚང་རས་པ། རང་རིག་རས་པ་སོགས་སྔར་ཕྱོགས་འདིར་བྱོན་པ་སོ་སོའི་རྣམ་ཐར་དུ་གསལ། ལྷག་པར་རྒོད་ཚང་པ་དེ་འདིར་ལོ་ཕྱེད་ཙམ་བཞུགས་ཤིང་གནས་བཤད་ཞིབ་ཏུ་གསུང་ས་པས་ཐེ་ཚོམ་ཐམས་ཅད་ཆོད་པ་ཡོད། མཇལ་ས་གཙོ་བོ་ཀཱང་ར་མན་དིར་ནང་དུ་མགོ་ལྟ་བུའི་ལིངྒ་དེ་ཡིན། ཀཱང་རར་མ་སླེབས་གོང་དུ་ཛཱ་ལ་མུ་ཁི་བྱ་བར་སླེབས། དེར་ས་ལ་མེ་འབར་མཇལ་རྒྱུ་ཡོད་ཅིང་། དེ་ཡང་རྒོད་ཚང་རྣམ་ཐར་དུ་གསལ་ཞེས་གསུངས་ལ། ཛ་ལན་ངྷ་ར་ཞེས་པ་བོད་སྐད་དུ་བསྒྱུར་ན་འབར་བ་འཛིན་དང་དྲ་བ་འཛིན་ཞེས་པའི་དོན་ཡིན་པར་སྐད་གཉིས་ཤན་སྦྱར་གྱི་གཞུང་འགའ་ཞིག་ལས་གསལ།
- language:
- Tibetan
2. Thupten Phuntsok Dictionary
(ཛ་ལན་དྷ་ར) ཆུ་བོ་གངྒཱ་མཚོ་མ་ཕམ་ནས་མངའ་རིས་ཀྱི་ཡུལ་བརྒྱུད་དེ་ཉིན་འགའ་ཞིག་ལྷོ་ནུབ་ཕྱོགས་སུ་ཁ་གཏད་ནས་འབབ་ཅིང་། ཊི་ལིའམ་རྡི་ལིའི་བྱང་ཕྱོགས་ཧ་རི་དཱ་ཝ་ནས་ཤར་ཕྱོགས་སུ་འཁྱོགས་ཏེ་འབབ་པའི་བྱང་ངོས་རྒྱ་གར་དང་ཁ་ཆེའི་བར་གྱི་གནས་ཛ་ལ་མུག་གམ་ཛ་ལ་མུ་ཁེ་སྟེ། དེང་སང
- language:
- Tibetan
3. Negi Tibetan-Sanskrit Dictionary
nā. jālandharam, pīṭham — དེ་བཞིན་ཛ་ལན་དྷ་རའང་གནས༎ pīṭhaṃ jālandharaṃ tathā sa.u.275kha/9.14.
- language:
- Sanskrit