Skip to main content Skip to search
dga' ba gdong /
ID:
T31992
  • དགའ་བ་གདོང (Tibetan, Tibetan script, Original)
    • > dga' ba gdong / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gawadong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jim Valby Dictionary

1 of 3 places west of lhasa, SA dga' skyo zul gsum

language:
English

2. dung dkar bod rig pa'i tshig mdzod chen mo

སྟོད་ལུང་བདེ་ཆེན་རྫོང་དགའ་གདོང་དགོན་པ་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ཞིག་པོ་ཤེས་རབ་ཀྱིས་ཕྱག་བཏབ། དེ་རྗེས་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་ཏེ་དབུས་ཀྱི་གདན་ས་ཆེན་པོ་དྲུག་གི་གྲས་ཡིན་པ་དང༌། སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་རྗེ་ཙོང་ཁ་པས་དེ་གར་བླ་མ་དབུ་མ་བ་དང་ལྷན་དུ་སྒྲུབ་པ་མཛད་ནས་འཇམ་དབྱངས་ཀྱི་ཞལ་གཟིགས་པ་སོགས་ལོ་རྒྱུས་མང༌། བར་ལམ་དགོན་པ་དེ་ཉམས་རྒུད་བྱུང་ནས་སེར་ཁྱིམ་དགོན་དུ་སོང༌། དུས་རབས་བཅོ་བརྒྱད་པའི་སྨད་ཙམ་ནས་གཙང་དགོན་དུ་སླར་གསོ་བྱས། དེ་གར་གནས་སྲུང་ཤིང་བྱ་ཅན་ཁོག་ཞུགས་བྱེད་ཅིང་དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་ནས་ལྷ་ཁོག་ཞུགས་བྱེད་སྲོལ་བྱུང་ཞིང༌། དགའ་གདོང་གནས་སྲུང་གནོད་གནོད་སྦྱིན་ཤིང་བྱ་ཅན་ཞེས་དེ་སྔའི་བོད་ས་གནས་སྲིད་གཞུང་གི་བསྟེན་གསོལ་བྱེད་པའི་ལྷའི་གྲས་ཤིག་ཡིན་ལ། སྐུ་བསྟེན་གྱི་ཁྱིམ་ཚང་ལ་དགའ་གདོང་གཟིམ་ཁང་ཞེས་འབོད། སྐུ་བསྟེན་ལ་བོད་ས་གནས་སྲིད་གཞུང་གི་རིམ་པ་བཞི་པའི་རྩེ་སྐོར་མཁན་ཆུང་གི་གོ་མིང་ཡོད་པ་དང་སྐུ་བསྟེན་དེ་དག་ཁྱིམ་བརྒྱུད་ཀྱིས་བྱེད་དགོས་ལ། ས་ཞིང་མི་སེར་སོགས་བདག་ཐོབ་ཀྱང་གང་ཙམ་ཡོད་འདུག

language:
Tibetan

3. Thupten Phuntsok Dictionary

སྟོད་ལུང་བདེ་ཆེན་རྫོང་དགའ་གདོང་དགོན་པ་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ཞིག་པོ་ཤེས་རབ་ཀྱིས་ཕྱག་བཏབས། དེ་རྗེས་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་ཏེ་དབུས་ཀྱི་གདན་ས་ཆེན་པོ་དྲུག་གི་གྲས་ཡིན།

language:
Tibetan