- mgron bzhi/
- ID:
- T35389
- མགྲོན་བཞི (Tibetan, Tibetan script, Original)
- > mgron bzhi/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > drönzhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
འབྱོན་པའི་ལྷ་གཉིས། སྤྱན་མ་དྲངས་ན་མི་འབྱོན་པའི་མགྲོན་བཞི། སྤྱན་འདྲེན་བྱེད་དུ་མི་རུང་བའི་མགྲོན་བཞི། མ་དྲངས་ཀྱང་འབྱོན་པའི་ལྷ་ཅིག སྟེ་དེ་རྣམས་རིམ་པར་དབྱེ་བ་ནི། དཀོན་མཆོག་སྲིད་ཞུ་དགོན་པོ་ཡོན་ཏན་མགྲོན། །རིགས་དྲུག་སྙིང་རྗེ་ཤ་འཁོན་ལན་ཆགས་མགྲོན། །དང་པོ་གཉིས་ནི་སྤྱན་འདྲེན་བྱས་ནས་འབྱོན། །མ་བྱས་མི་འབྱོན་དྲངས་ཀྱང་མི་འབྱོན་པ། །རིགས་དྲུག་ནང་ན་གནོད་སྦྱིན་གཞོང་ཐོགས་དང་། །ལག་རིང་རི་རྩེ་ཀན་དང་རྟག་མྱོས་རྣམས། །རྒྱ་མཚོ་ལུང་དང་རི་རབ་འགྱེལ་དོགས་དང་། །རི་རབ་རྩེ་ནས་གླིང་བཞི་བསྲུང་བ་དང་། །ཤིན་ཏུ་མྱོས་པར་གྱུར་པ་དེ་བཞིའོ། །སྤྱན་འདྲེན་བྱེད་དུ་མི་རུང་མགྲོན་བཞི་ནི་། །ས་བདག་སྟོབས་ཆེན་པ་ཏྲ་གཉིས། །ཧོང་པན་ཀླུ་དང་ཡི་དྭགས་གཏེར་སྲུང་བཞི། །གཞན་དུ་ཕྱིན་དང་ས་བཞི་གཡོ་བ་དང་། །ནད་དང་ཁ་ལུད་མཐོང་བའི་དུག་ཡོད་དང་། །གཏེར་བུམ་བོར་ནས་འབྱུང་ཕྱིར་རོ། །སྤྱན་འདྲེན་མ་བྱས་ན་ཡང་འབྱོན་པ་ཡི། །ཡི་དྭགས་རྣམས་ཏེ་ཤ་ལ་སྦྲང་མ་བཞིན། །བཤམ་མ་ཐག་ཏུ་འདུ་ཤིང་འཚོགས་པར་བྱེད། །ཅེས་སོ།།
- language:
- Tibetan