- rgya phrug gar mkhan/
- ID:
- T38213
- རྒྱ་ཕྲུག་གར་མཁན (Tibetan, Tibetan script, Original)
- > rgya phrug gar mkhan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyatruk gamkhen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
རྒྱ་ཕྲུག་གར་མཁན་ [CH queen kong jo phyi ma'i sras khri srong lde'u btsan gyi rtsed zla ru rgya rjes btang ba'i rgya rigs child, phyis bod kyi skad yig la mkhas par gyur te sman gzhung so ma ra tsa rgya yig nas bod yig tu bsgyur
- language:
- Tibetan
-
རྒྱ་ཕྲུག་གར་མཁན་
- language:
- Tibetan
2. bod rgya tshig mdzod chen mo
[533] རྒྱ་བཟའ་ཀོང་ཇོ་ཕྱི་མའི་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་རྩེད་ཟླ་རུ་རྒྱ་རྗེས་བཏང་བའི་རྒྱ་རིགས་བྱིས་པ་ཞིག་སྟེ། ཕྱིས་བོད་ཀྱི་སྐད་ཡིག་ལ་མཁས་པར་གྱུར་ཏེ་སྨན་གཞུང་སོ་མ་ར་ཙ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར། ...
- language:
- English
3. Thupten Phuntsok Dictionary
ཁྲི་སྲོང་ལྡེའུ་བཙན་འཁྲུངས་ནས་ལོ་གཅིག་འཁོར་བར་རྟེན་འབྲེལ་ཞུ་བར་ཡོང་བའི་ཐང་གི་བློན་ཆེན་འབའ་དེའུ་ཡི་བུ་སང་ཤི་ནི་ཆུང་དུས་ནས་ཟློས་གར་མཁས་པོ་ཡོད་ཅིང་། ཁྲི་སྲོང་ལྡེ་བཙན་སྐུ་ན་ཆུང་དུས་ཀྱི་རྩེད་གྲོགས་ཡིན་པ་དང་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མ་གཤེགས་གོང་ཐང་གི་རྒྱལ་ས་ཁྲང་ཨན་དུ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་ཁག་གཅིག་ལེན་པར་བཏང་ཞིང་། དེ་ནས་བོད་དུ་མ་འཁོར་གོང་ཡབ་ཁྲི་ལྡེ་གཙུག་་བརྟན་འདས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་ན་ཆུང་བའི་རིང་ལོ་ཤས་བར་བློན་པོ་མ་ཞང་སོགས་ཀྱིས་སངས་རྒྱས་ཆོས་ལུགས་བྱེད་མི་ཆོག་པའི་ཁྲིམས་བཅས། བཙན་པོ་རང་ཉིད་ཀྱིས་དངོས་སུ་སྲིད་དབང་བཞེས་རྗེས་སང་ཤི་ཡང་བློན་པོར་བསྐོས་ཤིང་། ཞང་ཞུང་གི་ཡུལ་ལ་དཀོར་ནོར་ལེན་པར་བཏང་བ་དང་། རྒྱ་གར་དུ་ཆོས་དཔེར་ལེན་པ་བཏང་བ། དེ་ནས་་ཡང་རྦ་གསལ་སྣང་དང་མཉམ་དུ་ཐང་གི་རྒྱལ་སར་མཚམས་འདྲི་ཞུ་བར་སོང་བ་སོགས་སྐབས་འདིའི་ལོ་རྒྱུས་གོང་འོག་རྣམས་སུ་གསལ།
- language:
- Tibetan
4. smon lam tshig mdzod chen mo
རྒྱ་བཟའ་ཀོང་ཇོ་ཕྱི་མའི་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་རྩེད་ཟླ་རུ་རྒྱ་རྗེས་བཏང་བའི་རྒྱ་རིགས་བྱིས་པ་ཞིག་ཕྱིས་བོད་ཀྱི་སྐད་ཡིག་ལ་མཁས་པར་གྱུར་ཏེ་སྨན་གཞུང་སོ་མ་ར་ཙ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།
- language:
- Tibetan